Skip to main content Skip to search
smug po 'ju skem
ID:
T240144
  • སྨུག་པོ་འཇུ་སྐེམ (Tibetan, Tibetan script, Original)
    • > smug po 'ju skem (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mukpo ju kem (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྟགས་ལ་བལྟོས་ནས་བཏགས་པའི་དུག་ནད་ཕོ་མཆིན་གྱི་གནས་སུ་བབས་པའི་མིང་སྟེ། འབྲི་གུང་ཚེ་དབང་བརྟན་པས་མཛད་པའི་དུག་ནད་ཀྱི་བཅོས་ཐབས་གཞན་ཕན་ཟླ་བའི་འཛུམ་ཟེར་ལས། སྨུག་པོ་འཇུ་སྐེམ་ནི། བད་ཀན་སྨུག་པོའི་ནད་རྟགས་ལྟར་ཕོ་མཆིན་གཉིས་མི་བདེ་ཞིང་ཁྲག་ཏུ་འཁྲུ་ཞིང་སྣ་ཁྲག་ཀྱང་འཛག་པ་དང་། ལུས་ཀྱི་ཤ་རྣམས་སྐེམ་ལ་ཤེད་མེད་པར་བད་ཀན་འཇུ་སྐེམ་ལྟར་གྱི་ནད་རྟགས་སྟོན་པའི་དུག་ནད། ཅེས་སོ། །

language:
Tibetan