Skip to main content Skip to search
smug po byer ba'i rtags spyir
ID:
T240149
  • སྨུག་པོ་བྱེར་བའི་རྟགས་སྤྱིར (Tibetan, Tibetan script, Original)
    • > smug po byer ba'i rtags spyir (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mukpo jerwé tak chir (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མགོ་དང་མིག་རུས་ན། ལུས་ཀུན་བརྩེ། ལུས་ལྕི། སྒྱིད་པ་སྐྱུར། ཤེད་ཉམས། ལུས་སྟོབས་འབྲི། མཆིན་དང་རོ་རྒྱབ་རྩིབ་ལོག་རྣམས་གཟེར་ཞིང་འགུལ། སྒལ་ཚིགས་སྟེང་ཤུགས་ཀྱིས་འཕུར་མཉེ་བྱས་ན་ཕན་སྙམ་བྱེད། སྒལ་འདབ་བཤུལ་ཤ་འདར་འཕྲིག་བྱེད་པ་སྟེ་ཤ་འགུལ་བྱེད། ལུ་བ་བྱེད་ཅིང་ལུད་པའི་ནང་དུ་ཁྲག་དང་ཁ་དོག་ནག་སྨུག་འབྱུང་། མཁལ་རྐེད་དང་། བརླ་སུལ། ཚིགས་གཞི། བྱིན་ཉྭ་རྣམས་ན། ལུས་ཀྱི་གནས་ངེས་མེད་དུ་གཟེར་འཕོ་ལ་ན་ཞིང་། སྐྱུག་མེར་ལངས།

language:
Tibetan