- smug po gzhan gnas
- ID:
- T240155
- སྨུག་པོ་གཞན་གནས (Tibetan, Tibetan script, Original)
- > smug po gzhan gnas (Tibetan, Latin script, Transliteration-THL Extended Wylie Transliteration)
- > mukpo shyen né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(1)ཕྱིར་བྱེར་བ་ནི། པགས་པ་ལ་འགྲམས་པ་དང་ཤ་ལ་རྒྱས་པ་གཉིས་ཀྱི་རྟགས་བཅོས་རྣམས་ས་བདག་གི་ནད་དང་འདྲ། རྩ་ལ་བྱེར་བ་དུག་དང་རྟགས་བཅོས་འདྲ། ཚིགས་ལ་གྲུམ་བུ་དང་འདྲ། (2)ནང་དུ་གནས་པ་ནི། སྲོག་རྩ་ནག་པོ་སྟེ་ཁྲག་རྩ་དེ་ཉིད་ཁོག་པའི་དབུས་ནས་མཆིན་པར་བརྒྱུད་དེ་ལུས་ཀྱི་སྟོད་སྨད་དུ་ཟུག་པ་དེ་ནི་ལུས་ཀྱི་ཁྲག་འཁོར་སྐྱོད་བྱེད་ཡུལ་ཡིན་ཞིང་། དྭངས་མ་མཆིན་པའི་གནས་སུ་ཟུངས་སུ་མ་སོང་བ་སྐྱོན་ཅན་དེ་དག མཆིན་པ་དང་སྲོག་རྩ་འབྲེལ་བའི་རྩ་ལམ་བརྒྱུད་ནས་སྲོག་རྩའི་ཁྲག་ཞོན་ནས་རྒྱུ་བས་སྲོག་རྩ་དེ་ཉིད་ནས་གནས་པའི་རྫོང་ལྟ་བུ་དང་། དེ་ལས་གྱེས་པའི་རྩ་ལག་རྣམས་སྒལ་ཚིགས་དང་འབྲེལ་བས་སྒལ་ཚིགས་ནི་བྲན་མཁར་ལྟ་བུ་ཡིན་ཞེས་ཟེར། དེ་ཡང་སྲོག་རྩ་ལས་གྱེས་པའི་རྩེ་ནག་གཉིད་ལོག་བརྒྱུད་ནས་ཡར་མགོ་ལ་འཕྱུར་བས་མགོ་ནད་བྱེད་ཅིང་ཡོད་པ་དང་། དེ་བཞིན་དུ་དོན་ལྔའི་རྩ་དང་འབྲེལ་བ་ལ་བརྒྱུད་ནས་གློ་བར་སོང་ན་གློ་ནད་དང་སྙིང་ལ་སོང་ན་སྙིང་རླུང་། མཚེར་པར་སོང་ན་མ་ཞུ་བའི་རྐྱེན་དང་། མཁལ་མ་ལ་སོང་ན་མཁལ་ནད་བྱེད་དོ། །
- language:
- Tibetan