Skip to main content Skip to search
smug po'i rnam 'gyur bcu gsum
ID:
T240160
  • སྨུག་པོའི་རྣམ་འགྱུར་བཅུ་གསུམ (Tibetan, Tibetan script, Original)
    • > smug po'i rnam 'gyur bcu gsum (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mukpö namgyur chusum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བད་ཀན་སྨུག་པོའི་ནད་རྟགས་མི་འདྲ་བ་བཅུ་གསུམ་གྱི་བསྡུས་མིང་སྟེ། གོང་སྨན་དཀོན་ཅོག་བདེ་ལེགས་ཀྱིས་མཛད་པའི་པོད་དམར་ལས། བད་ཀན་སྨུག་པོའི་རྣམ་འགྱུར་བཅུ་གསུམ་ནི། །ཕོ་བར་བད་ཀན་མཆིན་པར་ཁྲག་གི་ནད། །རྒྱུ་མར་མཁྲིས་པ་ལོང་དུ་རླུང་གི་ནད། །རྩར་བྱེར་དུག་དང་ཚིགས་ཞུགས་གྲུམ་བུའི་ནད། །མགོ་ལ་མགོ་ནད་གློ་ལ་གློ་ནད་དང་། །སྙིང་ལ་སྙིང་རླུང་མཆེར་པར་མཆེར་པའི་ནད། །མཁལ་མར་མཁལ་ནད་པགས་ལ་གྲམས་པ་དང་། །ཤར་རྒྱས་གཉིས་ཀ་ས་བདག་གི་ནད་དེ། །རྣམ་འགྱུར་བཅུ་གསུམ་སྐབས་འདིའི་ཚིག་དོན་ཡིན། །ཞེས་དང་། འཕྱུར་བ་མགོ་ནད་ཁ་ཡན་སྙིང་རླུང་འདྲ། །འདྲིལ་བ་རྡོ་སྐྲན་འགྱིངས་པ་དམུ་ཆུ་འདྲ། འགྲིམས་པ་མཁལ་ནད་རལ་བ་སྐྱ་རྦབ་འདྲ། །རྣམ་འགྱུར་བཅུ་གསུམ་སྐབས་འདིའི་ཤུགས་བསྟན་ཡིན། །ཞེས་སོ།

language:
Tibetan