- smyos ston chos 'bar
- ID:
- T240217
- སྨྱོས་སྟོན་ཆོས་འབར (Tibetan, Tibetan script, Original)
- > smyos ston chos 'bar (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyö tön chö bar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(གཉལ་ཆོས་འབར་ཡང་ཞུ་) རྗེ་འདི་ནི་རྒྱ་གར་པཎ་ཆེན་ལ་བ་པའི་སྐུ་སྐྱེར་གྲགས་ཤིང་། སྨྱོས་ཀྱི་རིགས་སུ་རབ་བྱུང་དང་པོའི་ལྕགས་སྟག་(༡༠༥༠)ལོར་སྐུ་འཁྲུངས། བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བའི་ཞབས་ལ་གཏུགས་ཤིང་བསྙེན་པར་རྫོགས་ནས་མཚན་སྨྱོས་སྟོན་ཆོས་འབར་དུ་གསོལ། པོ་ཏོ་བའི་སྲས་ཀྱི་ཐུ་བོ་བརྒྱད་ཀྱི་ནང་ཚན་དུ་གྱུར་ཞིང་། རིག་པའི་གནས་དག་ལ་མཁས་པའི་གོ་འཕང་བརྙེས། དགུང་ལོ་རེ་གཉིས་ལ་ཕེབས་པ་རབ་བྱུང་གཉིས་པའི་ལྕགས་ཡོས་(༡༡༡༡)ལོར་གཉལ་གྲྭ་དགོན་པ་ཕྱག་བཏབ། མཐའ་འཁོར་ལྕགས་རིས་བསྐོར་བས་གྲྭ་སྐོར་ཞེས་གྲགས། པོ་ཏོ་བའི་ཐུགས་དང་རང་གི་སྐྱེ་བ་སྔ་མའི་ཁ་ཊཱཾ་སོགས་མཁའ་འགྲོས་རྒྱ་གར་ནས་བླངས་ཏེ་བཞུགས་པའི་མཆོད་རྟེན་བཞེངས། དགུང་ལོ་རེ་གསུམ་པ་རབ་བྱུང་གཉིས་པའི་ཆུ་འབྲུག་(༡༡༡༢)ལོར་ཞི་བར་གཤེགས། །
- language:
- Tibetan
2. Thupten Phuntsok Dictionary
(གཉལ་ཆོས་འབར་ཡང་ཞུ) རྗེ་འདི་ནི་རྒྱལ་གར་པཎ་ཆེན་ལ་བ་པའི་སྐུ་སྐྱེར་གྲགས་ཤིང་། སྨྱོས་ཀྱི་རིགས་སུ་རབ་བྱུང་དང་པོའི་ལྕགས་སྟག (༡༠༥༠) ལོར་སྐུ་འཁྲུངས། བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བའི་ཞབས་ལ་གཏུགས་ཤིང་བསྙེན་པར་རྫོགས་ནས་མཚན་སྨྱོས་སྟོན་ཆོས་འབར་དུ་གསོལ། པོ་ཏོ་བའི་སྲས་ཀྱི་ཐུ་བོ་བརྒྱད་ཀྱི་ནང་ཚན་དུ་གྱུར་ཞིང་། རིག་པའི་གནས་དག་ལ་མཁས་པའི་གོ་འཕང་བརྙེས། དགུང་ལོ་རེ་གཉིས་ལ་ཕེབས་པ་རབ་བྱུང་གཉིས་པའི་ལྕགས་ཡོས (༡༡༡༡) ལོར་གཉལ་གྲྭ་དགོན་པ་ཕྱག་བཏབ། མཐའ་འཁོར་ལྕགས་རིས་བསྐོར་བས་གྲྭ་སྒོར་ཞེས་གྲགས། པོ་ཏོ་བའི་ཐུགས་དང་རང་གི་སྐྱེ་བ་སྔ་མའི་ཁ་ཊཱཾ་སོགས་མཁའ་འགྲོས་རྒྱ་གར་ནས་བླངས་ཏེ་བཞུགས་པའི་མཆོད་རྟེན་བཞེངས། དགུང་ལོ་རེ་གསུམ་བཞེས་པ་རབ་བྱུང་གཉིས་པའི་ཆུ་འབྲུག (༡༡༡༢) ལོར་ཞི་བར་གཤེགས།
- language:
- Tibetan