Skip to main content Skip to search
tsan dan mar khu
ID:
T240237
  • ཙན་དན་མར་ཁུ (Tibetan, Tibetan script, Original)
    • > tsan dan mar khu (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsenden markhu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཙན་དན་དང་། ཤུག་པ། སེང་ལྡེང་རྣམས་ཀྱི་གཞོག་ཕྱེ་བ་དམར་ཟལ་གྱི་མར་ཁུའི་ནང་བཙོས་ནས་བཏོན་པའི་མར་ཁུའི་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་གཅེས་བསྡུས་ཀུན་གསལ་སྣང་མཛོད་ལས། ལྔ་པ་ཙན་དན་མར་ཁུའི་སྦྱོར་བ་ནི། ཙན་དན་དཀར་དམར་ཤུག་པ་དམར་པོ་དང་། སེང་ལྡེང་རྣམས་ཀྱི་སྡོང་པོ་གཞོག་ཕྱེ་དེ། དམར་ཟལ་བ་ཡི་མར་ཁུར་བཙོས་ནས་གྲང་། སྣུམ་ཕྱིར་སྔར་ལྟར་བཏོན་པའི་མར་ཁུ་དེ། བྱུགས་པས་གཟའ་ནད་རྐང་འབམ་འབྲས་སུརྻ། རྨ་རྒན་དྲེག་གྲུམ་རྩ་དཀར་ཚ་ཤས་དང་། རླུང་ཤས་ཅན་གྱི་གློ་བ་སྐྱ་རྦབ་སེལ། ཞེས་གསུངས་པ་ལྟར་རོ།

language:
Tibetan