Skip to main content Skip to search
tsan+dan dkar po
ID:
T240241
  • ཙནྡན་དཀར་པོ (Tibetan, Tibetan script, Original)
    • > tsan+dan dkar po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsanden(?) karpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདི་ཨ་ཤེ་ཡ་གླིང་ཚ་བ་ཆེ་བའི་ས་ཁུལ་དང་། ཁྱད་པར་རྒྱ་གར་དང་། ཧིན་རྡུ་ཉི་ཞི་ཡ། ཤིས་ཧྲོང་པ་ན། ཧའེ་ནན་གླིང་ཕྲན། ཐའེ་ཝན་སོགས་རྒྱལ་ཁབ་དང་ས་ཁུལ་དུ་སྐྱེ་བའམ་འཛུགས་ཀྱི་ཡོད། ཤིང་ཕུང་གི་མཐོ་ཚད་སྨི་6~9ཙམ་ཟིན་པ་དང་ལོ་མ་ལྗང་གུ་རྒྱབ་སྐྱ་བ་ལྕང་ལོ་ལྟ་བུ། མེ་ཏོག་དྲིལ་དབྱིབས་འདབ་མ་བཞི་ཅན། ཐོག་མར་སེར་སྐྱ་ནས་རིམ་བཞིན་ཁམ་སྨུག་ཏུ་འགྱུར་བ། ཞིབ་ཅིང་མང་བ།འབྲས་བུ་རིལ་མོ་སྨིན་ནས་ནག་པོར་འགྱུར་བ་བཅས་སྡོང་པོ་ཆེ་བའི་ཤིང་རིགས་ཡིན། སྨན་དུ་སྦྱར་བྱ་ནི་དེ་ཉིད་ཀྱི་སྡོང་པོ་ཡིན། རོ་བསྐ་ལ་ཚ། ཞུ་རྗེས་བསིལ། ནུས་པས་གློ་སྙིང་འཁྲུགས་ཚད་སེལ། ལུས་ལ་བྱུགས་ན་ཤ་པགས་ཀྱི་ཚ་བ་འཇོམས། མིང་གི་རྣམ་གྲངས་ལ་གོ་ཤིཪྵ་དང་། ཏིལ་འདབ་ཅན། ཏེ་ལ་པ་རྣི། དྲི་ཞིམ་དཀར་པོ། དྲི་ཞིམ་བཏགས། བ་ལང་མགོ། དཔལ་གྱི་དུམ་བུ། མེའི་སྲུབ་ཤིང་། ས་མཆོག་ཙན་དན། ས་འདན་ཧ་སར། ཧ་རི་ཙན་དན་བཅས་སོ།

language:
Tibetan