Skip to main content Skip to search
tsan+d+ra bdun
ID:
T240246
  • ཙནྡྲ་བདུན (Tibetan, Tibetan script, Original)
    • > tsan+d+ra bdun (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsandra(?) dün (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྒྱ་གར་གྱི་ལོ་རྒྱུས་སུ། རྒྱ་གར་ཤར་ཕྱོགས་བྷང་གྷ་ལ(དེང་སང་རྒྱ་སྐད་དུ་མོང་ཅ་ལ་)ཟེར་བར་ཙནྡྲའི་རིགས་ལས་རྒྱལ་པོ་ཙནྡྲའི་མིང་ཅན་བཅུ་དགུ་བྱུང་བའི་(༡.ཧ་རི་ཅནྡྲ། ༢.ཨ་ཀྵ་ཙནྡྲ། ༣.ཛ་ཡ་ཙནྡྲ། ༤.ནེ་མི་ཙནྡྲ། ༥.ཕ་ནི་ཙནྡྲ། ༦.བྷང་ས་ཙནྡྲ། ༧.ས་ལ་ཙནྡྲ། ༨.ཙནྡྲ་གསྔྲོ། ༩.ཤྲེ་ཙནྡྲ། ༡༠.ངྷརྨ་ཙནྡྲ། ༡༡.ཀརྨ་ཙནྡྲ། ༡༢.བྲི་ཀྵ་ཙནྡྲ། ༡༣.པོ་ག་མ་ཙནྡྲ། ༡༤.ཀྵ་མ་ཙནྡྲ། ༡༥.བིདྒཙནྡྲ། ༡༦.བཱ་ལ་ཙནྡྲ། ༡༧.བོ་མ་ལ་ཙནྡྲ། ༡༨.གོ་བོ་ཙནྡྲ། ༡༩.ལ་ལི་ཏ་ཙནྡྲ་བཅས་སོ། དེ་དག་གི་ནང་ནས། གཉིས་པ་ཨ་ཀྵ་ཙནྡྲ་དང་། གསུམ་པ་ཛ་ཡ་ཙནྡྲ། བཅུ་པ་ངྒརྨ་ཙནྡྲ། བཅུ་གཅིག་པ་ཀརྨ་ཙནྡྲ། བཅུ་གསུམ་པ་མི་ག་མ་ཙནྡྲ། བཅུ་བཞི་པ་ཀཱ་མ་ཙནྡྲ། བཅུ་བདུན་པ་བི་མ་ལ་ཙནྡྲ་བཅས་བདུན་པོ་དེ་རྣམས་སྲིད་དབང་བཟུང་ཡུན་རིང་ཞིང་སངས་རྒྱས་ཆོས་ལུགས་ལ་དད་གུས་དང་བྱས་རྗེས་ཆེན་པོ་ཅན་ཡིན་པས་རྒྱ་གར་གྱི་ལོ་རྒྱུས་ཐོག་གོང་གསལ་རྒྱལ་པོ་བདུན་པོ་དེར་ཙནྡྲ་བདུན་ཞེས་ཟེར། རྒྱལ་པོ་འདི་རྣམས་དུས་སྐབས་གང་དུ་བྱུང་བ་དང་སྲིད་དབང་བཟུང་བའི་ལོ་གྲངས་བཅས་གསལ་བར་བཤད་པ་མ་མཐོང་ཞིང་། ཙནྡྲའི་རིགས་ཀྱི་རྒྱལ་པོ་དང་པོ་ཧ་རི་ཙནྡྲ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་བྲམ་ཟེ་སྒྲ་གཅན་འཛིན་དང་དུས་མཚུངས་པར་<<རྒྱ་གར་ཆོས་འབྱུང་>>ལས་བཤད་པས་དེར་གཞི་བཟུང་ན། སྤྱི་ལོ་མ་ཚུགས་གོང་གི་ལོ་བརྒྱ་ལྷག་ཙམ་གྱི་སྔོན་དུ་བྱུང་བ་འདྲ་ཞིང་། ཙནྡྲའི་རིགས་ཀྱི་རྒྱལ་པོ་ཐ་མ་ལ་ལི་ཏ་ཙནྡྲ་ནི<<རྒྱ་གར་ཆོས་འབྱུང>>ལས་སློབ་དཔོན་ཆོས་ཀྱི་གྲགས་པའི་རྗེས་ཙམ་དུ་བྱུང་བར་བཤད་པས། གོང་གསལ་ཙནྡྲའི་རིགས་ཀྱི་རྒྱལ་པོ་བཅུ་དགུ་ནི་སྤྱི་ལོའི་གོང་གི་ལོ་བརྒྱ་ལྷག་ཙམ་གྱི་སྔོན་ནས་དུས་རབས་བདུན་པའི་དཀྱིལ་ཙམ་བར་བྱུང་བ་ཡིན་ཚོད་ལས་ཞིབ་ཆའི་ལོ་རྒྱུས་གསལ་བར་འཁོད་པ་ད་ཕན་མ་མཐོང་། བོད་ཡིག་ཐོག་འཁོད་པ་ནི་ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི་<<རྒྱ་གར་ཆོས་འབྱུང་>>ལེའུ་བཅུ་བཞི་པ་ནས་ལེའུ་ཉེ་ཤུ་རྩ་བདུན་བར་གསལ་བས་དེར་གཟིགས།

language:
Tibetan

2. Thupten Phuntsok Dictionary

རྒྱ་གར་གྱི་ལོ་རྒྱུས་སུ། རྒྱ་གར་ཤར་ཕྱོགས་བྷང་གྷ་ལ (དེང་སང་རྒྱ་སྐད་དུ་མོང་ཆ་ལ) ཟེར་བར་ཙནྡྲའི་རིགས་ལས་རྒྱལ་པོ་ཙནྡྲའི་མིང་ཅན་བཅུ་དགུ་བྱུང་བའི་ (༡ ཧ་རི་ཙནྡྲ། ༢ ཨ་ཀྵ་ཙནྡྲ། ༣ ཛ་ཙནྡྲ། ༤ ནེ་མི་ཙནྡྲ། ༥ ཕ་ནི་ཙནྡྲ། ༦ བྷང་ས་ཙནྡྲ། ༧ ས་ལ་ཙནྡྲ། ༨ ཙནྡྲ་གསྡོ། ༩ ཤྲི་ཙནྡྲ། ༡༠ དྷརྨ་ཙནྡྲ། ༡༡ ཀརྨ་ཙནྡྲ། ༡༢ བྲྀ་ཀྵ་ཙནྡྲ། ༡༣ པི་ག་མ་ཙནྡྲ། ༡༤ ཀཱ་མ་ཙནྡྲ། ༡༥ བིངྒ་ཙནྡྲ། ༡༦ བཱ་ལ་ཙནྡྲ། ༡༧ བི་མ་ལ་ཙནྡྲ། ༡༨ གོ་བི་ཙནྡྲ། ༡༩ ལ་ལི་ཏ་ཙནྡྲ་བཅས་སོ། །དེ་དག་གི་ནང་ནས། གཉིས་པ་ཨ་ཀྵ་ཙནྡྲ་དང་། གསུམ་པ་ཛ་ཡ་ཙནྡྲ། བཅུ་པ་དྷརྨ་ཙནྡྲ། བཅུ་གཅིག་པ་ཀརྨ་ཙནྡྲ། བཅུ་གསུམ་པ་པི་ག་མ་ཙནྡྲ། བཅུ་བཞི་པ་ཀཱ་མ་ཙནྡྲ། བཅུ་བདུན་པ་བི་མ་ལ་ཙནྡྲ་བཅས་བདུན་པོ་དེ་རྣམས་སྲིད་དབང་བཟུང་ཡུན་རིང་ཞིང་སངས་རྒྱས་ཆོས་ལ་དད་གུས་དང་བྱས་རྗེས་ཆེན་པོ་ཅན་ཡིན་པས་རྒྱ་གར་གྱི་ལོ་རྒྱུས་ཐོག་གོང་གསལ་རྒྱལ་པོ་བདུན་པོ་དེར་ཙནྡྲ་བདུན་ཞེས་ཟེར། རྒྱལ་པོ་འདི་རྣམས་དུས་སྐབས་གང་དུ་བྱུང་བ་དང་སྲིད་དབང་བཟུང་བའི་ལོ་གྲངས་བཅས་གསལ་བར་བཤད་པ་མ་མཐོང་ངོ་།

language:
Tibetan