Skip to main content Skip to search
gtsang khang dbus ma
ID:
T240282
  • གཙང་ཁང་དབུས་མ (Tibetan, Tibetan script, Original)
    • > gtsang khang dbus ma (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsang khang ü ma (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གཙང་ཁང་ཟེར་བའི་གོ་དོན་ནི་དགེ་འདུན་རྣམས་ཆོས་ཀྱི་བྱེད་སྒོར་འཚོགས་པའི་ཚོགས་ཁང་གི་སྦུག་ཏུ་ཡོད་པའི་ལྷ་ཁང་གི་དོན་ཡིན། དཔེར་ན། ལྷ་ས་གཙུག་ལག་ཁང་གི་སྟེང་འོག་བར་གསུམ་དུ་ལྷ་ཁང་མང་པོ་ཡོད་པའི་ནང་གསེས་ཇོ་བོ་ཤཱཀྱ་མུ་ནེ་བཞུགས་པའི་ལྷ་ཁང་ལྟ་བུ་ཡིན་ཞིང་། ལྷ་ཁང་འདིའི་ནང་དུ་རྟེན་གྱི་གཙོ་བོ་ཇོ་བོ་རིན་པོ་ཆེ། སྐུ་རྒྱབ་ཏུ་ཇོ་བོ་མི་འགྲོ་གསུང་བྱོན། དེའི་སྐུ་རྒྱབ་ཀྱི་རྟེན་གཙོར་ཐུབ་དབང་གངས་ཅན་རྟ་མགྲིན་དང་ཕྱག་རྡོར་བཅས་རྒྱལ་པོ་སྲོང་བཙན་རང་ཉིད་ཀྱི་སྐུ་དུས་སུ་བཞེངས་པ་སོགས་ཡོད་པར་《ལྷ་ས་གཙུག་ལག་ཁང་གི་དཀར་ཆག》ལས་བཤད།

language:
Tibetan

2. Thupten Phuntsok Dictionary

གཙང་ཁང་ཟེར་བའི་གོ་དོན་ནི་དགེ་འདུན་རྣམས་ཆོས་ཀྱི་བྱེད་སྒོར་འཚོགས་པའི་ཚོགས་ཁང་གི་སྦུག་ཏུ་ཡོད་པའི་ལྷ་ཁང་གི་དོན་ཡིན། དཔེར་ན། ལྷ་ས་གཙུག་ལག་ཁང་གི་སྟེང་འོག་བར་གསུམ་དུ་ལྷ་ཁང་མང་པོ་ཡོད་པའི་ནང་གསེས་ཇོ་བོ་ཤཱཀྱ་མུ་ནེ་བཞུགས་པའི་ལྷ་ཁང་ལྟ་བུ་ཡིན་ཞིང་། ལྷ་ཁང་འདིའི་ནང་དུ་རྟེན་གྱི་གཙོ་བོ་ཇོ་བོ་རིན་པོ་ཆེ། སྐུ་རྒྱབ་ཏུ་ཇོ་བོ་མི་འགྲོ་གསུང་བྱོན། དེའི་སྐུ་རྒྱབ་ཀྱི་རྟེན་གཙོར་ཐུབ་དབང་གངས་ཅན་མཚོ། གཡས་གཡོན་དུ་ཉེ་བའི་སྲས་བརྒྱད། སྒོ་སྲུང་ཁྲོ་བོ་རྟ་མགྲིན་དང་ཕྱག་རྡོར་བཅས་རྒྱལ་པོ་སྲོང་བཙན་རང་ཉིད་ཀྱི་སྐུ་དུས་སུ་བཞེངས་པ་སོགས་ཡོད་པར་ལྷ་ས་གཙུག་ལག་ཁང་གི་དཀར་ཆག་ལས་བཤད།

language:
Tibetan