Skip to main content Skip to search
gtsang pa mkhan chen ye shes dpal 'byor
ID:
T240295
  • གཙང་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར (Tibetan, Tibetan script, Original)
    • > gtsang pa mkhan chen ye shes dpal 'byor (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsangpa khenchen yeshe paljor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ནི་གཙང་རོང་རིན་སྤུངས་ཆོས་རྒྱལ་གྱི་གདུང་རྒྱུད་དུ་ཡབ་སྔགས་འཆང་བློ་བཟང་རྡོ་རྗེ་དང་། ཡུམ་དཔོན་མོ་ལྷ་དགའ་དགའ་ལྡན་འཛིན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་རྟ་(༡༧༡༤)ལོར་སྐུ་འཁྲུངས། དགུང་ལོ་ལྔ་ལ་ཕེབས་སྐབས་ཡབ་ཀྱིས་སྐུ་ཡོན་སྒྲོན། དགུང་ལོ་བཅུ་ལ་བཀྲ་ཤེས་ལྷུན་པོར་ཆོས་ཞུགས་མཛད། དགུང་ལོ་བཅུ་གཅིག་ལ་སྔགས་ཆེན་དམ་ཆོས་དཔལ་འབྱོར་དྲུང་དུ་རབ་བྱུང་བསྒྲུབས། དེའི་ལོར་གཞུང་ཆེན་ལ་གསན་བསམ་གྱི་དབུ་ཚུགས་། དགུང་ལོ་བཅུ་དྲུག་ལ་ཚད་མ་རྣམ་འགྲེལ་ཐུགས་གཉེར་མཛད། དགུང་ལོ་ཉི་ཤུ་ལ་དབུས་སུ་ཕེབས་ནས་འབྲས་སྤུངས་སུ་ཆོས་ཞུགས་གནང་། དགུང་ལོ་ཉེར་ལྔ་ལོར་ཕུར་ལྕོག་ངག་དབང་བྱམས་པའི་དྲུང་དུ་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉེར་དགུ་ལ་ཁང་ཚན་དགེ་རྒན་མཛད། དགུང་ལོ་སོ་བདུན་ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་བཞེས་ནས་ཨང་དང་པོ་ཐོབ། དགུང་ལོ་ཞེ་གསུམ་ལོར་གོང་ས་ཆེན་པོའི་བཀའ་བཞིན་སྨར་ཁམས་གོ་བོ་དགོན་གྱི་བླ་མར་ཕེབས། དགུང་ལོ་ཞེ་བརྒྱད་ལོར་འབྲས་སྤུངས་སུ་ཕྱིར་ཕེབས་ནས་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། ཕྱག་རྩོམ། <<རྗེ་བཙུན་བླ་མ་དམ་པ་ཡེ་ཤེས་དཔལ་འབྱོར་གྱི་ཞལ་སྔ་ནས་གང་གི་རྟོགས་པ་བརྗོད་པ་ངོ་མཚར་ལྷན་གཅིག་སྐྱེས་པའི་རོལ་མོ་>> <<ཉམས་མགུར་ཞལ་གདམས་བསླབ་བྱ་གསོལ་འདེབས་སྨོན་ལམ་>>སོགས་པོད་ཆུང་གཅིག་ཙམ་མཛད། དགུང་ལོ་བདུན་ཅུ་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཡོས་(༡༧༨༣)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ནི་གཙང་རོང་རིན་སྤུངས་ཆོས་རྒྱལ་གྱི་གདུང་རྒྱུད་དུ་ཡབ་སྔགས་འཆང་བློ་བཟང་རྡོ་རྗེ་དང་། ཡུམ་དཔོན་མོ་ལྷ་དགའ་དགའ་ལྡན་འཛིན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་རྟ་ (༡༩༡༤) ལོར་སྐུ་འཁྲུངས། དགུང་ལོ་བཅུ་ལ་བཀྲ་ཤིས་ལྷུན་པོར་ཆོས་ཞུགས་མཛད། དགུང་ལོ་བཅུ་དྲུག་ལ་ཚད་མ་རྣམ་འགྲེལ་ཐུགས་གཉེར་མཛད། དགུང་ལོ་ཉི་ཤུ་ལ་དབུས་སུ་ཕེབས་ནས་འབྲས་སྤུངས་སུ་ཆོས་ཞུགས་གནང་། དགུང་ལོ་སོ་བདུན་ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་བཞེས་ནས་ཨང་དང་པོ་ཐོབ། དགུང་ལོ་ཞེས་བརྒྱད་ལོར་འབྲས་སྤུངས་སུ་ཕྱིར་ཕེབས་ནས་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། ཕྱག་རྩོམ། རྗེ་བཙུན་བླ་མ་དམ་པ་ཡེ་ཤེས་དཔལ་འབྱོར་གྱི་ཞལ་སྔ་ནས་གང་གི་རྟོགས་པ་བརྗོད་པ་ངོ་མཚར་ལྷན་གཅིག་སྐྱེས་པའི་རོལ་མོ་དང་། ཉམས་མགུར་ཞལ་གདམས་བསླབ་བྱ་གསོལ་འདེབས་སྨོན་ལམ་སོགས་པོད་ཆུང་གཅིག་ཙམ་མཛད། དགུང་ལོ་བདུན་ཅུ་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཡོས་ (༡༩༨༣) ལོར་སྐུ་གཤེགས།

language:
Tibetan