- gtsang pa blo gros bzang po
- ID:
- T240298
- གཙང་པ་བློ་གྲོས་བཟང་པོ (Tibetan, Tibetan script, Original)
- > gtsang pa blo gros bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsangpa lodrö zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ཉིད་རབ་བྱུང་དྲུག་པའི་ལྕགས་བྱི་(༡༤༦༠)ལོར་སྐུ་འཁྲུངས། བྱིས་པའི་དུས་ཡབ་རིན་སྤུངས་ན་བཞུགས་པས་དེར་བརྟན་ནས་ཁང་གཉེར་མཛད། དེ་ནས་ཆོས་ལ་ཐུགས་མོས་པ་ཆེན་པོ་སྐྱེས་ཏེ་བླ་མ་ཆོས་དབྱིངས་པའི་ཞབས་ལ་གཏུགས། དེ་དང་མི་རིང་བར་ཆོས་རྗེ་འབའ་ར་བ་བསྟེན་ནས་གདམས་པ་མང་དུ་ཞུས། མཁས་གྲུབ་ཀྱི་བླ་མ་མཐའ་ཡས་པའི་ཞབས་ལ་གཏུགས་ཤིང་ཟབ་ཆོས་མང་དུ་གསན། དེའི་སྟོབས་ཀྱིས་སློབ་མ་ལ་ཁྲིད་རིམ་འབོགས་པ་ཡང་གདམས་ངག་སྣ་མི་གཅིག་པ་བརྒྱ་དང་བརྒྱད་ཅུ་གྱ་གཉིས་ཡོད་པར་གྲགས། གངས་ཏི་སེ་ལ་བྱོན་ཏེ་སྒྲུབ་པ་མཛད། དེ་ནས་ཆོས་ཀྱི་ཆེད་དུ་རྒྱ་གར་ནུབ་ཕྱོགས་ལྕམ་བེ་དང་རྒྱ་གར་ཤར་ཕྱོགས་ཤིང་གི་རིར་ཕེབས། ཚུར་བྱོན་ནས་ལ་སྟོད་ལྷོར་ལོ་ཤས་བཞུགས་ཏེ་སི་ཏུ་ཆོས་རིན་བསྟེན། ཕྱིས་སྐྱིད་ཤོད་དུ་སྤང་པོ་ཁ་དང་ལྡན་རྫོང་དུ་བཞུགས། དེ་རྗེས་གཡོན་ཕྱོགས་སུ་ཕེབས་ནས་ཡར་རྒྱབ་པ་དཔོན་ཆེན་དགེ་བསྙེན་པས་བླ་མར་བཟུང་། དེ་ལྟར་ས་ཡར་མར་དུ་འགྲོ་དོན་རྒྱ་ཆེན་པོ་མཛད་ནས་གྲ་ཕྱི་འབྲུག་གི་དགོན་པར་རབ་བྱུང་བདུན་པའི་ཆུ་ཡོས་(༡༤༡༣)ལོར་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ཉིད་རབ་བྱུང་དྲུག་པའི་ལྕགས་བྱི (༡༣༦༠) ལོར་སྐུ་འཁྲུངས། བྱིས་པའི་དུས་ཡབ་རིན་སྤུངས་ན་བཞུགས་པས་དེར་བརྟེན་ནས་ཁང་གཉེར་མཛད། དེ་ནས་ཆོས་ལ་ཞུགས་མོས་པ་ཆེན་པོ་སྐྱེས་ཏེ་བླ་མ་ཆོས་དབྱིངས་པའི་ཞབས་ལ་གཏུགས། དེ་དང་མི་རིང་བར་ཆོས་རྗེ་འབའ་ར་བ་བསྟེན་ནས་གདམས་པ་མང་དུ་ཞུས། མཁས་གྲུབ་ཀྱི་བླ་མ་མཐའ་ཡས་པའི་ཞབས་ལ་གཏུགས་ཤིང་ཟབ་ཆོས་མང་དུ་གསན། དེའི་སྟོབས་ཀྱིས་སློབ་མ་ལ་རིམ་འབོགས་པ་ཡང་གདམས་ངག་སྣ་མི་གཅིག་པ་བརྒྱ་དང་བརྒྱད་ཅུ་གྱ་གཉིས་ཡོད་པར་གྲགས། གངས་ཏི་སེ་ལ་བྱོན་ཏེ་སྒྲུབ་པ་མཛད། དེ་ནས་ཆོས་ཀྱི་ཆེད་དུ་རྒྱ་གར་ནུབ་ཕྱོགས་ལྕམ་བེ་དང་རྒྱ་གར་ཤར་ཕྱོགས་ཤིང་གི་རིར་ཕེབས། ཚུར་བྱོན་ནས་ལ་སྟོད་ལྷོར་ལོ་ཤས་བཞུགས་ཏེ་སི་ཏུ་ཆོས་རིན་བསྟེན། ཕྱིས་སྐྱིད་ཤོད་དུ་སྤང་པོ་ཁ་དང་ལྡན་རྫོང་དུ་བཞུགས། དེ་རྗེས་གཡོན་ཕྱོགས་སུ་ཕེབས་ནས་ཡར་རྒྱབ་པ་དཔོན་ཆེན་དགེ་བསྙེན་པས་བླ་མར་བཟུང་། དེ་ལྟར་ས་ཡར་མར་དུ་འགྲོ་དོན་རྒྱ་ཆེན་པོ་མཛད་ནས་རབ་བྱུང་བདུན་པའི་ཆུ་ཡོས (༡༤༢༣) ལོར་གྲ་ཕྱི་འབྲུག་གི་དགོན་པར་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་དྲུག་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ 1360 ལོར་འོན་གྱི་བྱིན་ཕག་ཏུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ 1423 ལོར་སྐུ་གཤེགས། ཁོང་བྱིས་པའི་དུས་སུ་ཡབ་རིན་སྤུངས་ན་ཡོད་པས་དེར་བསྙེག་ནས་རིན་སྤུངས་པའི་ཁང་གཉེར་མཛད། དེ་ནས་ཆོས་ལ་མོས་པ་ཡང་དག་པར་སྐྱེས་ཏེ་བླ་མ་ཆོས་དབྱིངས་པའི་དྲུང་དུ་གཏུགས་ཤིང་ཆོས་མང་དུ་གསན། དེ་དང་མི་རིང་བར་ཆོས་རྗེ་འབའ་ར་བ་ལ་གཏུགས་ནས་གདམས་པ་མང་དུ་ཞུས་ནས་བསྐྱངས། བླ་མ་མཐའ་ཡས་པ་ལ་གདམས་པ་མང་དུ་[1341]གསན། དེའི་སྟབས་ཀྱིས་སློབ་མ་ལ་ཁྲིད་རིམ་འབོགས་པ་ཡང་གདམས་ངག་གི་སྣ་མི་གཅིག་པ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་ཡོད་པར་གྲགས། གངས་ཏི་སེར་ཡང་བྱོན་ཞིང་བཞུགས། དེ་ནས་ཆོས་ཚོལ་བའི་ཕྱིར་རྒྱ་གར་ནུབ་ཕྱོགས་ལྕམ་བེ་རྒྱལ་ཁམས་སུ་ཡང་བྱོན། རྒྱ་གར་ཤར་ཕྱོགས་ཤིང་གི་རི་ལ་ཡང་ཕེབས། ལ་སྟོད་ལྷོར་ལོ་ཁ་ཤས་བཞུགས་ནས་སི་ཏུ་ཆོས་རིན་གྱིས་ཞབས་ནས་བཏེགས། ཕྱིས་སྐྱི་ཤོད་དུ་སྤང་པོ་ཁ་དང་ལྡན་རྫོང་དུ་བཞུགས། དེ་རྗེས་གཡོར་ཕྱོགས་སུ་ཕེབས་ནས་ཡར་རྒྱབ་པ་དཔོན་ཆེན་དགེ་བསྙེན་པས་བླ་མར་བཟུང་། དེ་ལྟར་ས་གནས་ཡར་མར་དུ་བྱོན་ཏེ་འགྲོ་དོན་རྒྱ་ཆེན་པོ་མཛད་ཅིང་། དགུང་ལོ་དྲུག་ཅུ་རྩ་བཞི་པར་གྲ་ཕྱི་འབྲུག་གི་དགོན་དུ་དགོངས་པ་རྫོགས། ཁོང་ནི་འབའ་ར་བ་རྒྱལ་མཚན་དཔལ་བཟང་གི་མཆོག་ཏུ་གྱུར་པའི་སློབ་མ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྒོད་ཕྲུག་ཆོས་རྗེ་དང་། མཁན་ཆེན་ཤཱཀྱ་གྲགས་པ་སོགས་ཡིན་ནོ། །
- language:
- Tibetan