- gtsang pa rin chen nam mkha' rdo rje
- ID:
- T240299
- གཙང་པ་རིན་ཆེན་ནམ་མཁའ་རྡོ་རྗེ (Tibetan, Tibetan script, Original)
- > gtsang pa rin chen nam mkha' rdo rje (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsangpa rinchen namkha dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ཉིད་ཡབ་སྣུབས་ཨ་ལ་ལ་བྱ་བའི་སྔགས་པ་ཆེན་པོ་ཞིག་དང་ཡུམ་རལ་རྒྱགས་བཟའ་ལྕམ་མི་བྱ་བ་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་མི་སྦྲུལ་(༡༠༧༧)ལོར་གཙང་གི་སྣུབས་ཡུལ་རོང་དུ་སྐུ་འཁྲུངས། རྔོག་ལོ་དང་། གཉན་ལོ། བ་རི་ལོ་ཙཱ། རྭ་ལོ། བཙན་ཁ་བོ་ཆེ་སྟེ་བླ་མ་ལྔ་ཙམ་གྱི་ཞབས་ལ་གཏུགས། བཙན་ཁ་བོ་ཆེ་ལས་མདོ་སྡེ་རྒྱན་གསན་པས་ཚར་གཅིག་ལ་མཁྱེན། དེ་ནས་ཐུགས་དགོངས་ལ་རྒྱ་གར་དུ་བྱོན་ནས་པཎྜི་ཏ་གཅིག་གཉིས་ལ་གཏུགས་དགོས་སྙམ་ནས་བྱོན་པས་དིང་རིར་དམ་པ་དང་མཇལ། དམ་པ་བཞེངས་པ་དང་སྐབས་བལ་ཡུལ་ལ་མུ་གེ་ཆེ་ཟེར་བས་ཕྱིར་ལོག་ནས་སྐྱིད་ཤོད་དུ་བྱོན། དེ་ནས་བྱ་ཡུལ་མཇལ་དུ་བྱོན་ནས་ཆིབས་བྱེ་ནག་བཟང་པོ་གཅིག་དང་གསེར་སྲང་གང་ཕྱག་རྟེན་དུ་ཕུལ། ཞལ་མཇལ་བ་ཙམ་གྱིས་མཆི་མ་འཁྲུག་པའི་དད་པ་སྐྱེས། ཚོགས་ཆོས་ཤིག་ཀྱང་གསན། ལོ་པ་རྣམས་ཀྱིས་སྤྱན་དྲངས་ནས་ལོའི་གདན་ས་མཛད། ཕྱིས་བྱ་ཡུལ་བས་འཕྲིན་བཏང་བར་མིས་གོ་མ་ཆོད་པས་འདའ་ཁར་མ་མཇལ་ཡང་བྱ་ཡུལ་བ་སྐུ་འདས་རྗེས་ལོ་བྱ་གཉིས་ཀའི་བདག་མཛད། མཐར་དགུང་ལོ་བརྒྱད་ཅུ་རྩ་ལྔ་པ་རབ་བྱུང་གསུམ་པའི་ལྕགས་སྦྲུལ་(༡༡༦༡)ལོར་སྐུ་འདས། སློབ་མ་ནི་གཙང་པའི་བུ་བཞི་ལ་སོགས་པ་བཅུ་བཞི་ཐོན་སྐད།
- language:
- Tibetan
2. Thupten Phuntsok Dictionary
འདི་ཉིད་ཡབ་སྣུབས་ཨ་ལ་ལ་བྱ་བའི་སྔགས་པ་ཆེན་པོ་ཞིག་དང་ཡུམ་རལ་རྒྱགས་བཟའ་ལྕམ་མི་བྱ་བ་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་མེ་སྦྲུལ་ (༡༠༧༧) ལོར་གཙང་གི་སྣུབས་ཡུལ་རོང་དུ་སྐུ་འཁྲུངས། རྔོག་ལོ་དང་། གཉན་ལོ། བ་རི་ལོ་ཙཱ། རྭ་ལོ། བཙན་ཁ་བོ་ཆེ་སྟེ་བླ་མ་ལྔ་ཙམ་གྱི་ཞབས་ལ་གཏུགས། བཙན་ཁ་བོ་ཆེ་ལས་མདོ་སྡེ་རྒྱན་གསན་པས་ཚར་གཅིག་ལ་མཁྱེན། དེ་རྗེས་ཐུགས་དགོངས་ལ་རྒྱ་གར་དུ་བྱོན་ནས་པཎྜི་ཏ་གཅིག་གཉིས་ལ་གཏུགས་དགོས་སྙམ་ནས་བྱོན་པས་དིང་རིར་དམ་པ་དང་མཇལ། དམ་པ་བཞེངས་པ་དང་སྐབས་འཁེལ་བས་ཀུན་གྱིས་མི་འདི་བསོད་ནམས་ཆེ་ཟེར། དེ་སྐབས་བལ་ཡུལ་ལ་མུ་གེ་ཆེ་ཟེར་བས་ཕྱིར་ལོག་ནས་སྐྱིད་ཤོད་དུ་བྱོན། དེ་ནས་བྱ་ཡུལ་མཇལ་དུ་བྱོན་ནས་ཆིབས་བྱེ་ནག་བཟང་པོ་གཅིག་དང་གསེར་སྲང་གང་ཕྱག་རྟེན་དུ་ཕུལ། ཞལ་མཇལ་བ་ཙམ་གྱིས་མཆི་མ་འཁྲུག་པའི་དད་པ་སྐྱེས། ཚོགས་ཆོས་ཤིག་ཀྱང་གསན། ལོ་པ་རྣམས་ཀྱིས་སྤྱན་དྲངས་ནས་ལོའི་གདན་ས་མཛད། ཕྱིས་བྱ་ཡུལ་བས་འཕྲིན་བཏང་བར་མིས་གོ་མ་ཆོད་པས་འདའ་ཁར་མ་མཇལ་ཡང་བྱ་ཡུལ་བ་སྐུ་འདས་རྗེས་ལོ་བྱ་གཉིས་ཀའི་བདག་མཛད། སློབ་མ་ནི་གཙང་པའི་བུ་བཞི་ལ་སོགས་པ་བཅུ་བཞི་ཐོན་སྐད། མཐར་དགུང་ལོ་བརྒྱད་ཅུ་རྩ་ལྔ་པ་རབ་བྱུང་གསུམ་པའི་ལྕགས་སྦྲུལ (༡༡༦༡) ལོར་སྐུ་འདས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་དང་པོའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1077 ལོར་[1343]གཙང་གི་སྣུབས་ཡུལ་རོང་པ་དུ་ཡབ་སྣུབས་ཨ་ལ་ལ་དང་། ཡུམ་རལ་རྒྱགས་བཟའ་ལྕམ་མི་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1161 ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གཉིས་པ་ནས་བཟུང་རྔོ་ལོ་དང་། གཉན་ལོ། བ་རི་ལོ་ཙཱ་བ། རྭ་ལོ། བཙན་ཁ་བོ་ཆེ་བཅས་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་ཐམས་ཅད་ཐུགས་སུ་ཆུད་པར་བྱུང་། དེ་ནས་དིང་རིར་ཕེབས་ཤིང་ཕ་དམ་པ་སངས་རྒྱས་དང་མཇལ་ཞིང་དབང་དང་གདམས་ངག་ཞུས་ནས་བྱང་ཆུབ་ཆེན་པོའི་ཙཀྐ་ལི་ཕྱག་ཏུ་གཏན་དེ་ཁྱོད་བསྟན་པའི་བདག་པོར་འགྱུར་བར་འདུག་གསུངས། དེ་ནས་བྱ་ཡུལ་བ་གཞོན་ནུ་འོད་དང་མཇལ་ཞིང་དབང་དང་གདམས་ངག་ཞུས་པས་རྒྱུད་སྡེ་བཞིའི་དོན་ཐམས་ཅད་ཐུགས་སུ་ཆུད་དེ་ཡི་དམ་མང་པོའི་ཞལ་གཟིགས་པ་དང་། གཙོ་བོར་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་རྟོགས། བླ་མའི་ཞབས་ཏོག་ཀྱང་ཕུལ་དུ་ཕྱིན་པར་མཛད། དེ་ནས་ལོ་བ་རྣམས་ཀྱིས་སྤྱན་དྲངས་ཏེ་ལོའི་གདན་ས་མཛད། བྱ་ཡུལ་བ་གཞོན་ནུ་འོད་སྐུ་གཤེགས་རྗེས། བྱ་ཡུལ་བའི་གདན་ས་བསྐྱངས་ཤིང་གཙང་པའི་བུ་ཆེན་བཞི་ལ་སོགས་པ་སློབ་མ་གྲགས་ཆེ་བ་བཅུ་བཞི་ཙམ་བྱོན། ལོ་བྱ་གཉིས་ཀའི་གདན་ས་ཡུན་རིང་དུ་བསྐྱངས་ཤིང་དགུང་ལོ་བརྒྱད་ཅུ་རྩ་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བྱ་ཡུལ་དགོན་པའི་གདན་རབས་གཉིས་པ་ཡིན་ནོ། །
- language:
- Tibetan