Skip to main content Skip to search
gtsang pa sum pa
ID:
T240300
  • གཙང་པ་སུམ་པ (Tibetan, Tibetan script, Original)
    • > gtsang pa sum pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsangpa sumpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རས་ཆུང་པའི་སློབ་མ་ཐུགས་ཀྱི་སྲས་བཅུ་གསུམ་གྱི་ཡ་གྱལ། འདི་ཉིད་ལས་སྟོད་ཅུང་པའི་སྨད་ཀྱི་སུམ་པ་ཉེའུ་མཁར་བྱ་བར་ཡབ་སུམ་པ་དབང་ཕྱུག་དང་ཡུམ་རྨ་མོ་ཁྱེ་མཁར་གཉིས་ཀྱིས་སྲས་ལྔའི་ཆེ་དག་ཏུ་འཁྲུངས། མྱང་སྟོད་སྟག་ཚལ་དུ་རྒྱ་དམར་བ་དང་རོག་མངོན་པ་གཉིས་ཀྱི་གྲྭ་སར་བྱོན་ནས་རབ་ཏུ་བྱུང་སྟེ་ལོ་གཅིག་བཞུགས། དེ་ནས་རྗེ་རས་ཆུང་པའི་སྤྱན་སྔར་བྱོན་པས་ཤིན་ཏུ་མོས་པར་གྱུར་ནས་ཕྱག་གཡས་པའི་སྲིན་ལག་བཅད་དེ་མར་མེ་བྱས་ནས་ཕུལ་སྐད། ཞལ་མཇལ་ཚད་ལ་མཐོང་ཕྱག་གསུམ་གསུམ་མཛད་པ་དང། ཞག་རེ་ལ་ཕྱག་བརྒྱ་བརྒྱ་མཛད་པར་དམ་བཅས་ཏེ་བཞུགས། རས་ཆུང་པ་སྐུ་གཤེགས་རྗེས་གདན་ས་བཟུང། དེའི་དུས་ན་ཆུ་བོ་གདྒཱ་ཚུན་ལ་བཟང་བར་གྲགས། གདམས་ངག་ནི་རྒྱ་བོད་གཉིས་ཀ་ན་ཆེ། ཐུགས་རྗེས་ནི་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པ་ཞིག་བཞུགས། ཡང་སྡེ་སྣོད་འཛིན་པ་ནས་མ་དེ་བུད་མེད་དང་བྱིས་པ་ཡན་ཆོད་མི་དད་པ་དང་བསྐུར་བ་འདེབས་པ་ནི་གཅིག་ཀྱང་མེད། ཁོང་གི་མཛད་སྤྱོད་སྣ་རེ་མཐོང་བས་སེམས་ལ་ཕན་ཞིང། སློབ་དཔོན་གཞན་ལ་ཆོས་དང་གདམས་ཁག་ཚར་མང་པོ་ཉན་པ་བས། ནད་ཀ་འདི་ཡིན་གྱི་ཚིག་རེ་གསུངས་པས་དོན་མང་པོ་ཁྲོལ་ནས་འགྲོ་བ། ཐུགས་ལ་ཡོན་ཏན་རྒྱ་ཆེ་མངའ་ཡང་ཞལ་ནས་ཁེངས་སྐྱུང་འབའ་ཞིག་མཛད་པ་ཞིག་ཡོད། འདི་དང་རས་ཆུང་པ་ལ་སློབ་མ་ཐུན་མོང་བ་འགའ་རེ་ཡང་ཡོད་དོ།

language:
Tibetan

2. Thupten Phuntsok Dictionary

རས་ཆུང་པའི་སློབ་མ་ཐུགས་ཀྱི་སྲས་བཅུ་གསུམ་གྱི་ཡ་གྱལ། འདི་ཉིད་ལ་སྟོད་ཅུང་པའི་སྨད་ཀྱི་སུམ་པ་ཉེའུ་མཁར་བྱ་བར་ཡབ་སུམ་པ་དབང་ཕྱུག་དང་ཡུམ་རྨ་མོ་ཁྱེ་མཁར་གཉིས་ཀྱི་སྲས་ལྔའི་ཆེ་དག་ཏུ་འཁྲུངས། མྱང་སྟོད་སྟག་ཚལ་དུ་རྒྱ་དམར་བ་དང་རོག་མངོན་པ་གཉིས་ཀྱི་གྲྭ་སར་བྱོན་ནས་རབ་ཏུ་བྱུང་སྟེ་ལོ་གཅིག་བཞུགས། དེ་ནས་རྗེ་རས་ཆུང་པའི་སྤྱན་སྔར་བྱོན་པས་ཤིན་ཏུ་མོས་པར་གྱུར་ནས་ཕྱག་གཡས་པའི་སྲིན་ལག་བཅད་དེ་མར་མེ་བྱས་ནས་ཕུལ་སྐད། ཞལ་མཇལ་ཚད་ལ་མཐོང་ཕྱག་གསུམ་གསུམ་མཛད་པ་དང་། ཞག་རེ་ལ་ཕྱག་བརྒྱ་བརྒྱ་མཛད་པར་དམ་བཅས་ཏེ་བཞུགས། རས་ཆུང་པ་སྐུ་གཤེགས་རྗེས་གདན་ས་བཟུང་། དེའི་དུས་ན་ཆུ་བོ་གངྒཱ་ཚུན་ལ་བཟང་བར་གྲགས།

language:
Tibetan