- gtsang tshad
- ID:
- T240306
- གཙང་ཚད (Tibetan, Tibetan script, Original)
- > gtsang tshad (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsang tsé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རི་མོའི་ཐོག་ཚོན་གྱི་ནང་ཐལ་མདོག་མ་འདྲེས་པར་དྭངས་ཤིང་། ལྟོ་ཁ་ཁེངས་པའི་ཚད་ལ་ཟེར། ཕྱི་རོལ་ཡུལ་གྱི་ཁ་དོག་གི་ནང་ལ་ཐལ་མདོག་མ་འདྲེས་པའི་གཙང་ཚད་ངོ་མ་ཞིག་མེད་པས། དེར་བརྟེན་སྣུམ་ཚོན་རི་མོ་འབྲི་སྐབས་ཚོན་མདོག་རྐྱང་པ་སྤྱོད་རྒྱུ་འགོག་དགོས་ཤིང་། རི་མོ་བས་ཕྱི་རོལ་ཡུལ་མཚོན་པར་བྱེད་སྐབས་དེའི་དགོས་མཁོར་གཞིགས་ཏེ་ཚོན་སྣ་ཚོགས་ཕན་ཚུན་འདྲེས་སྦྱོར་བྱེད་དགོས་པ་ནི་གནད་ཀྱི་དམ་པ་ཡིན། དེ་བཞིན་ཚོན་གྱི་གཙང་ཚད་ལེགས་པོ་བྱུང་ན་རི་མོའི་སྟེང་གི་ཚོན་མདོག་རྣམས་སྣེ་ཁ་འཛོམས་ལ་ལྟོ་ཁ་ཁེངས་པའི་རྣམ་པ་ཐོན་ཐུབ།
- language:
- Tibetan