- gtso bo gdon chen bco brgyad
- ID:
- T240334
- གཙོ་བོ་གདོན་ཆེན་བཅོ་བརྒྱད (Tibetan, Tibetan script, Original)
- > gtso bo gdon chen bco brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsowo dön chen chobgyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
༡ ལྷའི་གདོན། ཚེས༡ ༡༡ལ་འཛིན། སཾ་སྐྲྀ་ཏའི་སྐད་སྨྲ། ཚིག་སྙན་སྨྲ། གཉིད་ཆུང་། གཙང་སྦྲ་ཆེ། བཞིན་མདངས་ལེགས། ༢ ལྷ་མིན་གདོན། ཚེས་༡༠ ༢༩ལ་འཛིན། ཤ་ཆང་ལ་དགའ་བ། ཟུར་མིག་བལྟ་བ། ཁྲོ་གཏུམ་དང་ང་རྒྱ་ཆེ། སྤྱོད་པ་བབ་ཆོལ་བྱེད། ༣ དྲི་ཟའི་གདོན། ཚེས་༡༢ ༡༤ལ་འཛིན། ལུས་སྒེག་ཅིང་གོས་དྲི་ཞིམ་པ་ལ་དགའ་བ། རང་ལ་མགུ་བ། གླུ་གར་དང་རྩེད་འོ་ལ་དགའ་བ། རྒྱན་དམར་པོ་འདོགས་པ་དགའ་བ། ༤ ཀླུ་གདོན། ཚེས་༥ལ་འཛིན། བཞིན་མདངས་དང་ལྡན་ཞིང་མིག་འབུར་ཚུགས་སུ་བལྟ་བ། ཟས་དཀར་པོ་འོ་མའི་རིགས་དང་། དམར་པོ་ཤ་རིགས་ལ་དགའ་བ། ལྕེ་མྱུལ་ནས་ཁ་བུབ་ཏུ་ཉལ་བ། ༥ གནོད་སྦྱིན་གདོན། ཚེས་༧ ༡༡ལ་འཛིན། ནོར་རྫས་ལ་དགའ་ཞེན་ཆེ་བ། སྐད་ཆུང་ངུས་སྨྲ་བ། སྨན་པ་དང་བྲམ་ཟེར་ལ་སྡང་ཞིང་། ཉ་ཤ་ལ་སྲེད་པ། མགྱོགས་པོར་འགྲོ་བ། ༦ ཚངས་པའི་གདོན། ཚེས་༡༥ ༡༨ལ་འཛིན། འབོད་སྐད་བྱེད། བསྟན་བཅོས་སོགས་ངག་འདོན་བྱེད། རང་ལ་མཚོན་སོགས་བརྡེག་ཅིང་གཞན་ལ་གཤེ་གཤེ་བཏང་། དགོད་ལ་དགའ། ༧ སྲིན་པོའི་གདོན། ཚེས་༡༦ ༢༤ལ་འཛིན། ལུས་སྟོབས་དང་ལྡན། ཚིག་རྩུབ་སྨྲ། དམར་སྟེ་ཤ་རིགས་ལ་དགའ། ༨ ཤ་ཟའི་གདོན། ངོ་ཚ་བྱེད་པ། སྐད་གདངས་དམའ་བ། སྐབས་སུ་འབོག་ཚུལ་སྟོན་པ། དོན་མེད་དུ་ངུ་ཞིང་ས་ལ་འབྲད་དེ་འབྲེལ་ཀྱི་གཏམ་སྨྲ་བ། ༩ ཡི་དྭགས་ཀྱི་གདོན། ཡི་དྭགས་ཀྱི་སྤྱོད་པ་དང་མཚུངས་པར་བྱེད། ཧ་ཅང་སྡར་བས་མིའམ་སེམས་ཅན་གང་བྱུང་ཡང་སྐྲག་ནས་འདར་བ། ཟས་མི་འདོད་པ། ༡༠ གྲུལ་བུའི་གདོན། ངོ་གནག་ཅིང་དལ་བུར་འགྲོ་བ་དང་། རླིག་པ་སྐྲངས་པ། ༡༡ བྱད་སྟེམས་ཀྱི་གདོན། ལག་ཏུ་ཤིང་སོགས་འཛིན་ཅིང་གཅེར་བུར་རྒྱུག་པ་དང་། གནས་སྟོང་དུ་འདུག་པ། ༡༢ གཡེང་བྱེད་ཀྱི་གདོན། ཆུ་འདོད་པ། སྐྲག་ཚིག་སྨྲ། ཟས་མི་འདོད། ༡༣ རོ་ལངས་ཀྱི་གདོན། བདེན་པར་སྨྲ་བ། གཉིད་ཆེ། རྒྱན་གྱི་རིགས་ལ་དགའ། ༡༤ དུར་སྲིའི་གདོན། ཚེས་༨ ༩ ༣༠ལ་འཛིན། ཁ་སྐམ། མིག་འཛུམ། ལག་གཡོན་གྱིས་གོས་གྱོན། ༡༥ དམ་སྲིའི་གདོན། ཚེས་༨ ༩མཚམས་ལ་འཛིན། སྨྱོ་འབོག་བྱེད། བླ་མའི་སྤྱོད་པ་བྱེད། ༡༦ རྒྱལ་པོའི་གདོན། ཚེས་༡༦ ༢༤ལ་འཛིན། སྨྱོ་འབོག་བྱེད། བླ་མའི་སྤྱོད་པ་བྱེད། ༡༧ གཤིན་རྗེའི་གདོན། མེ་གདོན་ཡིན། གཤིན་རྗེའི་སྤྱོད་པ་དང་མཚུངས་པར་བྱེད། ༡༨ ཐེའུ་རང་གདོན། སྤྱོད་པ་མ་ངེས་པ་སྣ་ཚོགས་བྱེད། ལྷག་པ་ཤྭོ་དང་རྩེད་འཇོ་ལ་དགའ། ཡོས་ལ་དགའོ། །
- language:
- Tibetan