Skip to main content Skip to search
btsun mo tshal
ID:
T240392
  • བཙུན་མོ་ཚལ (Tibetan, Tibetan script, Original)
    • > btsun mo tshal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsünmo tsal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཁོངས་)སྤྱི་ལོའི་དུས་རབས་བདུན་པའི་ནང་ཐོན་མི་སམ་བྷོ་ཊས་བོད་ཡིག་དབྱངས་གསལ་གཏན་འབེབས་གནང་སྟེ། ཞལ་རས་གསལ་ལ་ངང་མདངས་གང་བ་བཟང། །གདམས་ངག་ཟབ་ལ་མ་འཆད་ཟ་དད་དང། །ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ། །འཕགས་པ་མ་ཕམ་ཡང་དག་དམ་པ་ལ། །བདེ་གཤེགས་དབེན་ངེས་ཡེ་ཤེས་ཏེ། །ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས། །ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག། །དུས་གསུམ་བདུད་འདུལ་ཀུན་ཏུ་ཐུལ། །ཞེས་སོགས་ཡིག་ཕུད་ཕུལ་བའི་ཡིག་གཟུགས་འཁོད་པའི་བྲག་རྡོ་དེ་བཙུན་མོ་ཚལ་དགོན་པའི་རྒྱབ་ངོས་སུ་ཡོད་པ་ནི་《བེེ་སེར་》ནང་བྱིན་ཆེན་མདར་ཐུ་མི་སམ་བྷོ་ཊས་ཡིག་ཕུད་ཕུལ་བས་འཁོར་སྣང་ལྷ་ཁང་དུ་གྲགས་པ་སོགས་རྒྱལ་པོ་ཡབ་ཡུམ་གྱི་སྐྱེད་མོས་ཚལ་ཏེ་བཙུན་མོ་རྣམས་རྒྱུན་དུ་བཞུགས་པས་བཙུན་མོ་ཚལ་དུ་གྲངས་ཞེས་གསུངས་པ་ལྟར་སྔོན་དུས་སྲོང་བཙན་གྱི་བཙུན་མོ་རྣམས་དེར་བཞུགས་ནས་མིང་དེ་ལྟར་ཆགས་པ་དང་། བྲག་བརྐོས་ཡི་གེ་དེ་རིག་གནས་གསར་བརྗེའི་གོང་མཐོང་རྒྱུ་ཡོད་སྐད། བཙུན་མོ་ཚལ་གྱི་དགོན་པ་ནི་དུས་རབས་བཅོ་ལྔ་པའི་ནང་རྗེ་ཙོང་ཁ་པའི་དངོས་སློབ་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་ཕྱག་བཏབ་འདུག

language:
Tibetan

2. Thupten Phuntsok Dictionary

(ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཁོངས) སྤྱི་ལོའི་དུས་རབས་བདུན་པའི་ནང་ཐོན་མི་སམ་བྷོ་ཊས་བོད་ཡིག་དབྱངས་གསལ་གཏན་འབེབས་གནང་སྟེ། ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་། །གདམས་ངག་ཟབ་ལ་མ་འཆད་ཐ་དད་དང་། །ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ། །འཕགས་པ་མ་ཕམ་ཡང་དག་དམ་པ་ལགས། །བདེ་གཤེགས་བདེན་ངེས་ཡེ་ཤེས་ཏེ། །ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས། །ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག །དུས་གསུམ་བདུད་འདུལ་ཀུན་ཏུ་ཐུལ། །ཞེས་སོགས་ཡིག་ཕུད་ཕུལ་བའི་ཡིག་གཟུགས་འཁོད་པའི་བྲག་རྡོ་དེ་བཙུན་མོ་ཚལ་དགོན་པའི་རྒྱབ་ངོས་སུ་ཡོད་པ་ནི་བཻ་སེར་ནང་བྱིན་ཆེན་ཐུ་མི་སམ་བྷོ་ཊས་ཡིག་ཕུད་ཕུལ་བས་འཁོར་སྣང་ལྷ་ཁང་དུ་གྲགས་པ་སོགས་རྒྱལ་པོ་ཡབ་ཡུམ་གྱི་སྐྱེད་མོས་ཚལ་ཏེ་བཙུན་མོ་རྣམས་རྒྱུན་དུ་བཞུགས་པས་བཙུན་མོ་ཚལ་དུ་གྲགས་ཞེས་གསུངས་པ་ལྟར་སྔོན་དུས་སྲོང་བཙན་གྱི་བཙུན་མོ་རྣམས་དེར་བཞུགས་ནས་མིང་དེ་ལྟར་ཆགས་པ་དང་། བྲག་བརྐོས་ཡི་གེ་དེ་རིག་གནས་གསར་བརྗེའི་གོང་མཐོང་རྒྱུ་ཡོད་སྐད། བཙུན་མོ་ཚལ་གྱི་དགོན་པ་ནི་དུས་རབས་བཅོ་ལྔ་པའི་ནང་རྗེ་ཙོང་ཁ་པའི་དངོས་སློབ་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་ཕྱག་བཏབ་འདུག

language:
Tibetan