- rtsa dkar nad rigs gsum
- ID:
- T240449
- རྩ་དཀར་ནད་རིགས་གསུམ (Tibetan, Tibetan script, Original)
- > rtsa dkar nad rigs gsum (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsa kar né rik sum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
༡ མགོའི་རྩ་དཀར། མགོ་དང་རོ་སྟོད་ཕྱོགས་གང་ལ་ནད་ཕོག་པ་དེའི་ཕྱོགས་ཡོན་པོར་གྱུར་པ། མགོ་བོ་འཁོར་བ། ཤེས་པ་མྱོས་པ། དྲན་པ་ཉམས་པ། ཙོག་པུར་སྡོད་མི་ཚུགས་པ། གཉིད་ཆུང་བ། སྐྱུག་པ། ཁ་ལྐུགས་པ། དབང་པོ་འཁྲུལ་བ། ཟ་འཕྲུག་བྱེད་པ། སྒྲ་ཆེན་པོ་ཐོས་ཚེ་མི་བཟོད་པ། ཡན་ལག་སྦྲིད་པ། ༢ བྱང་ཁོག་རྩ་དཀར། སྨྲ་བ་མང་བ། ལུས་འདར་བའི་རྗེས་ལ་སྐོམ་འཐུངས་ཡང་ངོམས་པ་མེད་པ། གཞོགས་གཅིག་བེམས་པ་སྟེ་ཚོར་བ་དང་བྲལ་བ། སྐྲངས་སམ་སྙམ་པ། དྲི་ཆུ་དབང་མེད་དུ་ཤོར་བའམ་ཡང་ན་དྲི་ཆེན་དང་དྲི་ཆུ་གཉིས་ཀ་བསྡོམ་པ། ལུས་མེ་ལྟར་ཚ་དྲོད་འབར་བའམ་ཡང་ན་ཆུ་ལྟར་གྲང་བ། ཡང་ན་མདུན་དུ་གུག་པའམ་རྒྱབ་ཏུ་དགྱེ་བ། ཡང་ན་ཤིང་ལྟར་ཧྲེང་བ། གྱོང་ལྟར་བསྡུས་པ་སྟེ་ཡན་ལག་འཁུམ་པ། ༣ ཡན་ལག་རྩ་དཀར། ཡན་ལག་རྣམས་སྦྲིད་པ། ཚོར་བ་དང་བྲལ་བ། གཡོ་བ་སྟེ་རྟག་ཏུ་འདར་བ། ཡང་ན་སྐམས་པ་སྟེ་འགུལ་མི་ཐུབ་པ། ཞ་བ། རེངས་པ། འཁུམས་པ། ཡང་ན་རོ་ལྟར་ཡན་ལག་འགུལ་སྐྱོད་མེད་པར་འགྱུར། ཡན་ལག་ལ་མཚོན་ཕོག་ན་རྩ་དཀར་བཅད་མཚམས་ཀྱི་སྣེ་གཉིས་སྐྲངས།
- language:
- Tibetan