Skip to main content Skip to search
rtsa thig dang 'gyur thig
ID:
T240471
  • རྩ་ཐིག་དང་འགྱུར་ཐིག (Tibetan, Tibetan script, Original)
    • > rtsa thig dang 'gyur thig (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsa tik dang gyur tik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྣང་ཆ་རིག་པའི་མིང་ཚིག་ཅིག་ཡིན། དངོས་པོ་གང་ཞིག་ཡིན་རུང་དེར་མཐོ་ཚད་དང་། རིང་ཚད། ཞེང་ཚད་བཅས་མཐའ་ཐིག་ཁག་གསུམ་ཡོད། མཐའ་ཐིག་དེ་ཚོ་དང་རི་མོའི་ངོས་བར་གྱི་འབྲེལ་བ་ནི་རྩ་ཐིག་དང་འགྱུར་ཐིག་གཉིས་པོ་དེ་ཡིན། སྟབས་བདེ་ཙམ་བཤད་ན། རི་མོའི་ངོས་དང་མཉམ་གཤིབ་ཏུ་གནས་པའི་ཐིག་ལ་རྩ་ཐིག་ཅེས་ཟེར། རྩ་ཐིག་དང་སྙོམ་ངོས་བར་གྲུབ་པའི་ཟུར་ཚད་དེ་རི་མོའི་ངོས་ཀྱི་སྟེང་དུ་འགྱུར་བ་མེད། དཔེར་ན། མེ་འཁོར་ལྕགས་ལམ་གྱི་སྔས་ཤིང་དང་། རྒྱུག་སྒྲོམ་ཀ་བ་རེ་རེ་བཞིན་ཁང་པའི་ཐོག་གི་བསེགས་མཐའ་སོགས་དང་ས་ངོས་བར་མ་གཞི་ཆུའི་ངོས་སྙོམ་དང་། དྲང་རྐྱང་བསེགས་བཅད་ཀྱི་འབྲེལ་བར་གནས་ཡོད། རི་མོའི་ཐོག་ཏུ་འབྲི་སྐབས་མིག་སྣང་དུ་སྔར་བཞིན་ཆུ་ངོས་སྙོམ་ཐིག་དང་། དྲང་རྐྱང་བསེགས་བཅད་ཡིན། རི་མོའི་ངོས་དང་ངོས་སྙོམ་མིན་པའི་ཐིག་ལ་འགྱུར་ཐིག་ཟེར་འགྱུར་ཐིག་དང་ཆུའི་སྙོམ་ངོས་བར་གྲུབ་པའི་ཟུར་ཚད་དེ་རི་མོའི་ཐོག་ལ་འགྱུར་ལྡོག་ཡོད། དཔེར་ན། རི་མོའི་ངོས་དང་སྙོམ་ངོས་མིན་པའི་མེ་འཁོར་གྱི་ལྕགས་ལམ་དང་། ཁང་པའི་མདའ་གཡབ་སོགས་མ་གཞི་བྱས་ན་ཕན་ཚུན་སྙོམ་ངོས་ཀྱི་ཐིག་ཡིན། འོན་ཀྱང་རི་མོའི་སྟེང་དུ་བྲིས་ནས་བལྟ་སྐབས་སྙོམ་ངོས་མིན་པར་གྱུར་ཏེ། ཚང་མ་ཡལ་ཚགས་གཅིག་གི་སྟེང་དུ་མཉམ་དུ་ཡལ་འགྲོ་བཞིན་ཡོད།

language:
Tibetan