- rtsa nag nad
- ID:
- T240474
- རྩ་ནག་ནད (Tibetan, Tibetan script, Original)
- > rtsa nag nad (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsa nak né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཁྲག་རྩ་མཁྲེགས་པོར་གྱུར་པའམ་རྩ་འབྲུམ་སོགས་སུ་གྱུར་པའི་ནད་ཀྱི་མིང་སྟེ། ཕྱག་པའི་གཅེས་བསྡུས་རིན་ཆེན་ཕྲེང་བ་ལས། གཉིས་པ་རྩ་ནག་བཅོས་པ་རྣམ་གསུམ་སྟེ། གྱེས་ཚུལ་ངོས་བཟུང་བཅོས་པའི་ཐབས་གསུམ་ཡོད། གྱེས་ཚུལ་བཤད་རྒྱུད་འགྲེལ་པ་འབུམ་ནག་གསལ། ངོས་བཟུང་རྩ་རྒྱུད་གར་ཡོད་གཟེར་བ་དང་། འཁྱུགས་སྦྲིད་ཚ་བྲེང་བེམ་ཞིང་སྡམས་པ་དང་། ཤིག་གིས་རྒྱངས་པ་ལྟར་དང་རྩ་འབྲུམ་ཡོང་། དྲེག་པ་ཆགས་ཤིང་ཤིང་ལྟར་རྒྱངས་པའོ། །ཁྱད་པར་འཕར་རྩ་ལངས་ནས་དྲག་ཏུ་འཕར། ཁྲག་རྩ་རྒྱངས་ནས་སྦོམ་ལ་ལྟོང་ངོ་ཡོང་། མགོ་དང་བྱང་ཁོག་ཡན་ལག་རྩ་གང་དག གང་ལ་བབས་ནི་གནས་ཀྱི་ཤེས་པའོ། །ནད་ནི་རླུང་མཁྲིས་བད་ཀན་ཆུ་སེར་དང་། རིམས་དང་དུག་སོགས་རྩ་རུ་རྒྱུགས་པ་དང་། རྩ་འཁྲུགས་འགྲམས་སོགས་གང་ལ་བྱུང་བའོ། །ཞེས་དང་། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། གསོ་རིག་གི་གཞུང་གཞན་དུ་རྩ་ནག་གི་ནད་ཅེས་ཀྱང་འབྱུང་བས། ངོ་བོ་ནི་ཁྲག་རྩ་མཁྲེགས་པོར་གྱུར་པའམ་རྩའི་བུ་ག་འགགས་ནས་རྩ་རྒྱུད་སྦྲིད་ཅིང་གཟེར་ལ་རྩའི་དབྱིབས་ཀྱང་སྦྲུལ་འཁྱུགས་པ་ལྟར་ཤ་པགས་བར་དུ་འཁྱོག་པོར་འགྱུར་བའི་ནད་ཀྱི་མིང་ངོ་། །
- language:
- Tibetan