Skip to main content Skip to search
rtsa ba blo bzang rgyal mtshan
ID:
T240481
  • རྩ་བ་བློ་བཟང་རྒྱལ་མཚན (Tibetan, Tibetan script, Original)
    • > rtsa ba blo bzang rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsawa lo zang gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མདོ་སྨད་བྱ་ཁྱུང་དགོན་མཁན་རབས་སོ་བརྒྱད་པ་འདི་ཉིད་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་(༡༧༠༠)ལོར་རྩ་བའི་ཨ་སྡེ་ཡུལ་དུ་སྐུ་འཁྲུངས། བློ་བཟང་ཆོས་དབྱིངས་པའི་དྲུང་ནས་རབ་ཏུ་བྱུང། བྱ་ཁྱུང་དུ་སློབ་གཉེར་མཛད། དགུང་ལོ་བཅུ་གསུམ་ཐོག་དབུས་སུ་ཕེབས་ཏེ་སེར་བྱེས་སུ་ཟབ་ཆོས་གསན། ལྷ་རམས་མཚན་རྟགས་བཞེས། དེ་ནས་སྨད་རྒྱུད་དུ་ཞུགས། རྒྱལ་བ་ཡབ་སྲས་དང། ཁྲི་ངག་དབང་མཆོག་ལྡན། བླ་མ་བྱམས་པ་སོགས་བསྟེན། སླར་རང་དགོན་དུ་ཕེབས་ནས་རྒྱུད་པ་གསར་འཛུགས་ཀྱི་རྡོ་རྗེ་སློབ་དཔོན་ལོ་གཅུ་གཉིས་མཛད། འཆད་ཉན་དང་སྒྲུབ་ཆོས་ཀྱི་སྲོལ་བཏོད། དྲང་ངེས་རྣམ་འབྱེད་ཀྱི་བཤད་པ་སོགས་གསུང་རྩོམ་འགའ་རེ་བཞུགས། དགུང་ལོ་རེ་གཅིག་ལ་ཕེབས་ནས་ལོ་བཅུ་གསུམ་བསྐྱངས། ལམ་རིམ། སྐྱེས་རབས། སྤྱོད་འཇུག་སོགས་ཀྱི་བཤད་པ་དང། བདེ་གསང་འཇིགས་གསུམ་གྱི་དབང། མགོན་བཀའི་རྗེས་གནང་སོགས་ཆོས་བཀའི་ཅི་རིགས་པ་དང། རྩོད་གྲྭ་ལ་རྟིང་སྐུལ་ཤིན་ཏུ་སྨར། ཙོང་ཁ་བརྒྱད་ཅུ། རིགས་ལྡན་ཉེར་ལྔ་སོགས་ཀྱི་ཞལ་ཐང་གྲངས་མང་བཞེངས། སྡེ་དགེའི་བཀའ་འགྱུར་མཚལ་པར་མ་གདན་ཞུ་མཛད། པཎ་ཆེན་དཔལ་ལྡན་ཡེ་ཤེས་མཆོག་ལ་ཆོས་སྡེ་རྒྱབ་རྟེན་གྱི་བཀའ་ཤོག་ཞུས། ཐུགས་ཀྱི་བཞེས་དོན་ཡོད་རྒུ་གྲུབ་ནས་མཐར་དགུང་ལོ་གྱ་དྲུག་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པ་ཤིང་སྦྲུལ་(༡༧༨༥)ལོར་མྱ་ངན་ལས་འདས།

language:
Tibetan

2. Thupten Phuntsok Dictionary

མདོ་སྨད་བྱ་ཁྱུང་དགོན་མཁན་རབས་སོ་བརྒྱད་པ་འདི་ཉིད་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག (༡༧༠༠) ལོར་རྩ་བའི་ཨ་སྡེ་ཡུལ་དུ་སྐུ་འཁྲུངས། བློ་བཟང་ཆོས་དབྱིངས་པའི་དྲུང་ནས་རབ་ཏུ་བྱུང་། བྱ་ཁྱུང་དུ་སློབ་གཉེར་མཛད། དགུང་ལོ་བཅུ་གསུམ་ཐོག་དབུས་སུ་ཕེབས་ཏེ་སེར་བྱེས་སུ་ཟབ་ཆོས་གསན། ལྷ་རམས་མཚན་རྟགས་བཞེས། དེ་ནས་སྨད་རྒྱུད་དུ་ཞུགས། རྒྱལ་བ་ཡབ་སྲས་དང་། ཁྲི་ངག་དབང་མཆོག་ལྡན། བླ་མ་བྱམས་པ་སོགས་བསྟེན། སྡེ་དགེའི་བཀའ་འགྱུར་མཚལ་པར་མ་གདན་ཞུ་དག་མཛད། པཎ་ཆེན་དཔལ་ལྡན་ཡེ་ཤེས་མཆོག་ལ་ཆོས་སྡེ་རྒྱབ་རྟེན་གྱི་བཀའ་ཤོག་ཞུས། ཐུགས་ཀྱི་བཞེད་དོན་ཡོད་རྒུ་གྲུབ་ནས་མཐར་དགུང་ལོ་གྱ་དྲུག་པ་རབ་བྱུང་བཅུ་གསུམ་པ་ཤིང་སྦྲུལ (༡༧༨༥) ལོར་མྱ་ངན་ལས་འདས།

language:
Tibetan

3. gangs can mkhas grub rim byon ming mdzod

[1361] ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1700 ལོར་རྩ་བའི་ཨ་སྡེར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1785 ལོར་སྐུ་གཤེགས། ཁོང་བློ་བཟང་ཆོས་དབྱིངས་པའི་དྲུང་ནས་རབ་ཏུ་བྱུང་ཞིང་བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས་ནས་ཟུར་བཀོལ་ཡན་ཆད་ལེགས་པར་སྦྱངས། དགུང་ལོ་བཅུ་གསུམ་པར་དབུས་སུ་ཕེབས་ནས་སེ་ར་བྱེས་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད་ཅིང་ལྷ་རམས་པའི་མཚན་བཏགས་བཞེས། སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས་གསང་སྔགས་ཀྱི་གཞུང་ལ་གསན་བསམ་ལེགས་པར་མཛད། རྒྱལ་བ་ཡབ་སྲས་དང་། ཁྲི་ངག་དབང་མཆོག་ལྡན། བླ་མ་བྱམས་པ་སོགས་ལ་བསྟེན་ནས་བཀའ་ཆོས་མང་དུ་གསན། དེ་ནས་རང་དགོན་དུ་ཕེབས་ཤིང་རྒྱུད་པ་གསར་འཛུགས་ཀྱི་རྡོ་རྗེ་སློབ་དཔོན་ལོ་བཅུ་གཉིས་མཛད། འཆད་ཉན་དང་སྒྲུབ་མཆོད་སོགས་ཀྱི་སྲོལ་བཏོད། དགུང་ལོ་དྲུག་ཅུ་རེ་གཅིག་པ་རབ་བྱུང་བཅུ་གསུམ་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1761 ལོར་བྱ་ཁྱུང་དགོན་པའི་ཁྲི་ལ་བཞུགས་ནས་ལོ་བཅུ་གསུམ་གྱི་རིང་དུ་གདན་ས་བསྐྱངས། དེའི་རིང་དུ་ལམ་རིམ་དང་། སྐྱེས་རབས། སྤྱོད་འཇུག་སོགས་ཀྱི་བཤད་པ་དང་། བདེ་གསང་འཇིགས་གསུམ་གྱི་དབང་། མགོན་བཀའི་རྗེས་གནང་སོགས་ཆོས་བཀའ་ཅི་རིགས་དང་། རྩོད་གྲྭ་ལ་རྟིང་བསྐུལ་ཤིན་ཏུ་སྨར། བླ་བྲང་སེང་ཁྲི་ཁང་དང་། གནས་བཅུའི་ལྷ་ཁང་ཞིག་གསོས། ཙོང་ཁ་བརྒྱད་ཅུ། རིགས་ལྡན་ཉེར་ལྔ་སོགས་ཀྱི་ཞལ་ཐང་གྲངས་མང་[1362]བཞེངས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ལ་ཆོས་སྡེ་རྒྱབ་རྟེན་གྱི་དོན་དུ་བཀའ་ཤོག་ཞུས་པ་སོགས་ཐུགས་ཀྱི་བཞེད་དོན་ཡོད་དགུ་གྲུབ་པར་མཛད། དགུང་ལོ་བརྒྱད་ཅུ་གྱ་དྲུག་པར་སྐུ་མྱ་ངན་ལས་འདས། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་སུམ་ཅུ་སོ་བརྒྱད་པ་ཡིན་ནོ། །

language:
Tibetan