- rtsa 'dzin drug
- ID:
- T240507
- རྩ་འཛིན་དྲུག (Tibetan, Tibetan script, Original)
- > rtsa 'dzin drug (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsa dzin druk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གནའ་བོའི་རྒྱ་སྲོལ་རི་མོར་དཔྱད་བརྗོད་བྱེད་པའི་མིང་ཚིག་ཅིག་ཡིན། ཆི་ལྷོ་མའི་སྐབས་ཀྱི་རི་མོ་མཁས་ཅན་ཞའེ་ཧོ་ཡིས་བྲིས་པའི་གནའ་རབས་ཀྱི་རི་མོ་ལེགས་ཉེས་དཔྱད་ཐོ་ཞེས་པའི་ནང་རྒྱ་སྲོལ་རི་མོ་གསར་རྩོམ་བྱ་ཐབས་ཀྱི་རྩ་འཛིན་དྲུག་བཏོན་ཡོད་པ་སྟེ། ཉམས་འགྱུར་གསོན་ཉམས་དོད་པ། བཅད་ཤུགས་ལྡན་པ། དངོས་གཟུགས་ཇི་བཞིན་འབྲི་བ། དངོས་པོའི་ཁ་དོག་ཇི་བཞིན་ཚོན་གཏོང་བ། རི་མོའི་བཀོད་པ་ཞིབ་ཅིང་ཕྲ་བ། འཕོ་འགྱུར་བློ་ཐོག་ནས་འབྲི་བ་བཅས་ཡིན། ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་སྔོན་ནས་བཟུང་ད་བར་རི་མོ་གསར་རྩོམ་དང་དཔྱད་བརྗོད་ལ་མ་གཞི་འགྲེལ་བཤད་རྒྱག་ཐབས་མི་འདྲ་རུང་། རྩ་འཛིན་དྲུག་པོ་དེའི་འཁོར་རྒྱ་ལས་བརྒལ་ཐུབ་མེད།
- language:
- Tibetan