- rtsa yi rgya mtsho
- ID:
- T240509
- རྩ་ཡི་རྒྱ་མཚོ (Tibetan, Tibetan script, Original)
- > rtsa yi rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsa yi gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྒྱ་མཚོ་ཞེས་པ་མང་དུ་འདུས་པ་ལས་བྱུང་བའི་དོན་སྟེ། དཔེར་ན། ཆུ་མང་དུ་འདུས་པ་ལས་གཞི་ནས་ཆུ་ཡི་རྒྱ་མཚོ་ཞེས་ཟེར་བ་དང་། ཡོན་ཏན་མང་དུ་ཤེས་པ་ལ་གཞི་ནས་ཡོན་ཏན་རྒྱ་མཚོ་ཞེས་ཟེར་བ་ལྟར་འདིའི་སྐབས་གཞུང་ལས། དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ། ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱ་བསྐོར། ཞེས་གསུངས་པ་བཞིན་རྩ་མང་དུ་འདུས་པའི་དོན་ནོ།
- language:
- Tibetan