- rtsa gsher
- ID:
- T240519
- རྩ་གཤེར (Tibetan, Tibetan script, Original)
- > rtsa gsher (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsa sher (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྩ་སྦྱོང་གི་མིང་གི་རྣམ་གྲངས་ཤིག་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། རྩ་གཤེར་ནི། གཤེར་ཞེས་སྐམ་གཤེར་གྱི་ཟླས་ཕྱེ་བའི་ཆུ་སྐྱེ་སའི་མིང་ཡིན་པས། འདིར་ལས་ལྔའི་བྱ་བ་བྱེད་པ་ལ་བཤལ་སྨན་ཕལ་ཆེར་ཆུའི་ནུས་པ་ལས་བྱུང་བའི་ཕྱིར་རམ་ཆུ་དང་མཐུན་པའི་ལས་བྱ་བའི་ཕྱིར་བྱེད་ལས་ལ་བལྟོས་ནས་མིང་བཏགས་པ་ཡིན་ཞིང་དོན་ཆུ་ཁམས་རྒྱུ་བའི་རྩའི་ནང་ནད་ཞུགས་པ་རྣམས་སྦྱོང་བར་བྱེད་པའི་རྩ་སྦྱོང་གི་མིང་ངོ་།
- language:
- Tibetan