Skip to main content Skip to search
rtsi bcud sman mar
ID:
T240559
  • རྩི་བཅུད་སྨན་མར (Tibetan, Tibetan script, Original)
    • > rtsi bcud sman mar (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsi chü men mar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཤུག་པ་ལ་སོགས་པའི་བདུད་རྩི་བཞི་དང་། བྲག་ཞུན་ལ་སོགས་པའི་དྭངས་མ་ལྔ་བཅས་ཀྱི་བཅུད་བླངས་པའི་སྨན་མར་གྱི་སྦྱོར་སྡེའི་མིང་སྟེ། མན་ངག་ཡོན་ཏན་རྒྱུད་ལས། རྩི་བཞི་དྭངས་མ་ལྔ་ཡི་བཅུད་བླངས་པ། ས་ཡི་དྭངས་མ་བྲག་ཞུན་ཤ་ཡི་གསོས། རྡོ་ཡི་དྭངས་མ་ཅོང་ཞི་རུས་པའི་གསོས། ཤིང་གི་དྭངས་མ་བུ་རམ་སྟོབས་ཀྱི་གསོས། མེ་ཏོག་དྭངས་མ་སྦྲང་རྩི་མདངས་ཀྱི་གསོས། རྩི་ཡི་དྭངས་མ་མར་དཀར་བཅུད་ཀྱི་གསོས། ཤུག་པ་བ་ལུ་མཚེ་དང་མཁན་པ་བཞི། དགུན་མི་སྐམས་པ་ཚེ་ཡི་གསོས་སུ་འགྱུར། འདི་དགུའི་བཅུད་ལོགས་སྲོག་གཅོད་ནད་དགུ་སྲོལ། རྒས་པའི་རྟགས་ནུབ་བཅུ་དྲུག་ལྟ་བུའི་ལུས། སེང་གེའི་རྩལ་ལ་གླང་པོ་ལྟ་བུའི་སྟོབས། རྨ་བྱའི་མདངས་ལྡན་མགྱོགས་པ་ཅང་ཤེས་རྟ། ཚེ་སྲོག་ཉི་ཟླ་གཉིས་དང་མཉམ་པར་འགྱུར། ཞེས་གསུངས།

language:
Tibetan