Skip to main content Skip to search
rtsibs brgyad 'khor lo
ID:
T240578
  • རྩིབས་བརྒྱད་འཁོར་ལོ (Tibetan, Tibetan script, Original)
    • > rtsibs brgyad 'khor lo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsib gyé khorlo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ལྷ་ས་ཆགས་ཡུལ་འདི་ལ་ཁྱད་འཕགས་ཀྱི་ས་བཀྲ་གཞན་དང་མི་འདྲ་བ་གནམ་ལ་འཁོར་ལོ་རྩིབས་བརྒྱད། ས་ལ་པདྨ་འདབ་བརྒྱད་ཡོད་ཟེར། རྩིབས་བརྒྱད་འཁོར་ལོ་ནི་ལུང་ཚན་བརྒྱད་གནམ་ཁ་ཤོ་བ་དེ་ཉི་གདུགས་ཀྱི་ལྕགས་རྩིབས་ནང་བཞིན་ཕྱོགས་མཚམས་སུ་འཁེལ་བ་ལྷ་བུའི་དབྱིབས་འདྲ་བ་དང། ཡང་དེ་ལ་གནམ་སྔོན་མོ་གཡུ་བྱའི་གདུགས་སུ་ཕུབ། རི་ཟུར་གསུམ་བྲག་གཞུང་གནམ་དུ་མཐོ། ས་རྩེ་བརྒྱད་ལུང་པ་ཕྱོགས་སུ་གྱེས་ཞེས་སོགས་གསལ་བའི་ས་དབྱིབས་དང་གནམ་དབྱིབས་ཟུར་བརྒྱད་རྩི་སྟངས་ནི《གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ནང་གསལ་བ་ལྟར་ན། ༡.འཕན་པོའི་མདའ་སྟག་རྩེའི་ཕྱོགས་ཀྱི་བྱང་རི་དང་བྲག་དཀར་གྱི་ལྷོ་རི་གཉིས་བསྣོལ་མཚམས་མལ་དྲོ་བརྒྱུད་དུ་འགྲོ་བའི་ལམ་ཆེན་གྱི་ཐད་ཀར་ཟུར་གཅིག ༢.ཆོས་ལུང་། ༣.སྒམ་པོ་ལུང་། ༤.གྲིབ་རྣམས་ཀྱི་ལུང་པ་དང་རི་རྩེ་བསྣོལ་མཚམས་སུ་ཟུར་གཅིག ༥.སྣེའུ་དང་སྟོད་ལུང་གཉིས་ཀྱི་བར་མཚམས། ༦.ཆུ་ཤུལ་ལམ་ཆེན་ལ་འགྲོ་བའི་གཞུང་བརྒྱུད། ༧.སྟོད་ལུང་གི་ལམ་ཆེན་དང་སྐྱོར་མོ་ལུང་གི་རྒྱབ་རི་བསྣོལ་མཚམས། ༨.ཉང་བྲན་ཕུ་དང་དོག་བདེ་བརྒྱུད་ཀྱི་རི་སུལ་གཉིས་ཀྱི་བར་བཅས་ཟུར་བརྒྱད་ཡོད་པར་སྣང།

language:
Tibetan

2. Thupten Phuntsok Dictionary

ལྷ་ས་ཆགས་ཡུལ་འདི་ལ་ཁྱད་འཕགས་ཀྱི་ས་བཀྲ་གཞན་དང་མི་འདྲ་བ་གནམ་ལ་འཁོར་ལོ་རྩིབས་བརྒྱད། ས་ལ་པདྨ་འདབ་བརྒྱད་ཡོད་ཟེར། རྩིབས་བརྒྱད་འཁོར་ལོ་ནི་ལུང་ཚན་བརྒྱད་གནམ་ཁ་ཤོ་བ་དེ་ཉི་གདུགས་ཀྱི་ལྕགས་རྩིབས་ནང་བཞིན་ཕྱོགས་མཚམས་སུ་འཁེལ་བ་ལྟ་བུའི་དབྱིབས་འདྲ་བ་དང་། ཡང་དེ་ལ་གནམ་སྔོན་མོ་གཡུ་བྱའི་གདུགས་སུ་ཕུབ། རི་ཟུར་གསུམ་བྲག་གཞུང་གནམ་དུ་མཐོ། ས་རྩེ་བརྒྱད་ལུང་པ་ཕྱོགས་སུ་གྱེས་ཞེས་སོགས་སོ། །

language:
Tibetan