Skip to main content Skip to search
rtse gnyer tshang las khungs
ID:
T240666
  • རྩེ་གཉེར་ཚང་ལས་ཁུངས (Tibetan, Tibetan script, Original)
    • > rtse gnyer tshang las khungs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsé nyer tsang lé khung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ལས་ཁུངས་འདི་ཚུགས་ཡུལ་རྩེ་ཕོ་བྲང་དཀར་པོའི་ནང་ཡིན་ཅིང། དེ་སྔ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ནས་བཟུང་འབྲུ་རྩམ། ཤ་མར། ཇ་འབྲས། ཚྭ་བུལ། སྣུམ་སོགས་ཀྱི་སྐབས་དེའི་གཏོང་སྒོའི་ལས་ཁུངས་ཆེ་བ་ཞིག་ཡིན་པ་དང། ཕོ་བྲང་དམར་པོ་གསར་བཞེངས་སྐབས་ཨར་སྟོན་སོགས་གཏོང་འགྲོས་ཆེ་སྐབས་སུ་སྡེ་སྲིད་སྐུ་ངོ་མ་ལས་ཁུངས་དེར་དབུ་འཛིན་དུ་ཕེབས་པའི་བཞུགས་ཁྲི་ཡང་ཡོད། ཕྱིས་སུ་ལས་ཁུངས་དེར་དོ་དམ་རྩེ་དྲུང་གནས་ལྔ་པའི་ལས་ཚན་གཉིས་དང། དྲུང་ཏོག་ཡོད་པའི་དྲུང་ཡིག་གཅིག གཉེར་ནང་ཞེས་ནང་ཟན་མི་ཉི་ཤུ་བཅས་ཡོད་པ་དེ་དག་གི་ལས་འགན་ནི་རྫོང་གཞིས་ཁག་ནས་ཡོང་འབབ་བསྡུ་ལེན་གྱིས་མཛད་སྒོའི་དམིགས་སྒོར་རྩེ་འགག་ཏུ་རྩམ་པ་གཏོང་བ་དང། རྩེ་དྲུང་ཁག་ལ་རྒྱུན་ཕོགས་དངུལ་དངོས་སྤྲོད་རྒྱུ། པོ་ཏ་ལའི་ལྷ་ཁང་ཁག་ལ་དགོས་མཁོ་སྤྲོད་པ་སོགས་ཀྱི་ལས་འགན་སྒྲུབ་ཀྱི་ཡོད།

language:
Tibetan

2. Thupten Phuntsok Dictionary

ལས་ཁུངས་འདི་ཚུགས་ཡུལ་རྩེ་ཕོ་བྲང་དཀར་པོའི་ནང་ཡིན་ཅིང་། དེ་སྔ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ནས་བཟུང་འབྲུ་རྩམ། ཤ་མར། ཇ་འབྲས། ཚྭ་བུལ། སྣུམ་སོགས་ཀྱི་སྐབས་དེའི་གཏོང་སྒོའི་ལས་ཁུངས་ཆེ་བ་ཞིག་ཡིན་པ་དང་། ཕོ་བྲང་དམར་པོ་གསར་བཞེངས་སྐབས་ཨར་སྟོན་གཏོང་འགྲོས་ཆེ་སྐབས་སུ་སྡེ་སྲིད་སྐུ་ངོ་མ་ལས་ཁུངས་དེར་དབུ་འཛིན་དུ་ཕེབས་པའི་བཞུགས་ཁྲི་ཡང་ཡོད། ཕྱིས་སུ་ལས་ཁུངས་དེར་དོ་དམ་རྩེ་དྲུང་གནས་ལང་པའི་ལས་ཚན་པ་གཉིས་དང་། དྲུང་ཏོག་ཡོད་པའི་དྲུང་ཡིག་གཅིག གཉེར་ནང་ཞེས་ནང་ཟན་མི་ཉི་ཤུ་བཅས་ཡོད་པ་དེ་དག་གི་ལས་འགན་ནི་རྫོང་གཞིས་ཁག་ནས་ཡོང་འབབ་བསྡུ་ལེན་གྱིས་མཛད་སྒོའི་དམིགས་སྒོར་རྩེ་འགག་ཏུ་རྩམ་པ་གཏོང་བ་དང་། རྩེ་དྲུང་ཁག་ལ་རྒྱུན་ཕོགས་དངུལ་དངོས་སྤྲོད་རྒྱུ། པོ་ཏ་ལའི་ལྷ་ཁང་ཁག་ལ་དགོས་མཁོ་སྤྲོད་པ་སོགས་ཀྱི་ལས་འགན་སྒྲུབ་ཀྱི་ཡོད།

language:
Tibetan