Skip to main content Skip to search
rtse drung las tshan ye shes rgya mtsho
ID:
T240668
  • རྩེ་དྲུང་ལས་ཚན་ཡེ་ཤེས་རྒྱ་མཚོ (Tibetan, Tibetan script, Original)
    • > rtse drung las tshan ye shes rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsé drung lé tsen yeshe gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྤྱི་ལོ་ (༡༨༨༡) ལོར་ལྷོ་ཁ་ཨེ་ཁུལ་དུ་སྐུ་འཁྲུངས། ཁོང་ནི་བྱིས་པ་ཆུང་ངུའི་དུས་ནས་རི་མོ་འབྲི་བར་ཐུགས་རིག་ཤིན་ཏུ་བཀྲ་བས་ཕྱོགས་གཅིག་ནས་ཡི་གེ་འབྲི་ཀློག་དང་། ཕྱོགས་གཞན་ཞིག་ནས་རི་མོ་སྦྱོང་རྒྱུ་ཟུང་དུ་འབྲེལ་བས་རིང་པོར་མ་ཐོགས་པར་རི་མོའི་སྒྱུ་རྩལ་ལ་མངའ་བརྙེས། སྐུ་གཞོན་ནུའི་དུས་འབྲས་སྤུངས་དགོན་དུ་ཚོགས་བཞུགས་མཛད། ཁོང་གི་སོར་མོའི་འདུ་བྱེད་ལས་ཐོན་པའི་བློ་གསལ་གླིང་གྲྭ་ཚང་གི་ཆོས་རྭའི་དམ་ཁྲིའི་ལྡེབས་རིས་ཀྱིས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཐུགས་ཡིད་ཕྲོགས་ཏེ། ནོར་གླིང་དུ་གམ་བཅར་རི་མོའི་ཞབས་ཞུ་བ་དང་། བཟོ་ལྗོངས་ལྷ་བྲིས་པའི་སྤྱི་ཁྱབ་དབུ་ཆེའི་ཐུགས་འགན་བཞེས། ཁོང་གི་ཕྱག་བཟོའི་བརྩམ་བྱ་ནི་ནོར་གླིང་དང་། ཕོ་བྲང་པོ་ཏ་ལ་སོགས་ལ་མང་པོ་མཆིས་ཤིང་། ད་ལྟའང་འདྲེན་བྱེད་ཀྱི་ཡུལ་དུ་གནས།

language:
Tibetan