Skip to main content Skip to search
rtse mo gsum la zin pa
ID:
T240681
  • རྩེ་མོ་གསུམ་ལ་ཟིན་པ (Tibetan, Tibetan script, Original)
    • > rtse mo gsum la zin pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsemo sum la zinpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ལུས་ཀྱི་རྩེ་མོ་ལྟ་བུ་མཐོ་བའི་གནས་གསུམ་ནི་ལུས་ཀྱི་རྩེ་མོ་ཀླད་པ་དང་། དབང་པོའི་རྩེ་མོ་སྣ། ཡན་ལག་གི་རྩེ་མོ་སོར་མོ་བཅས་ཡིན་པས་དེ་དག་ལ་མཛེ་ནད་ཀྱིས་ཟིན་པའི་རྟགས་སུ་སྐྲ་བྱི་བ་དང་། སྣ་ཞོམ་པ། སོར་མོའི་ཚིགས་ཕྱིར་འགྱུར་བ་བཅས་ཀྱི་དོན་ཏེ། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཀླད་པ་དང་། སྣ། སོར་མོ་རྣམས་ནི་རིམ་བཞིན་ལུས་དང་། དབང་པོ། ཡན་ལག་བཅས་ཀྱི་རྩེ་མོ་ཡིན་པས་གནས་དེ་དག་རྣམས་སུ་མཛེ་ནད་ཀྱིས་ཟིན་པའི་རྟགས་སུ་སྐྲ་བྱི་ཞིང་། སྣ་ཞོམ་ལ། སོར་ཚིགས་རྣམས་འགྱུར་བ་བཅས་ཀྱི་དོན་ནོ། །

language:
Tibetan