- rtse gzim chung 'gag
- ID:
- T240684
- རྩེ་གཟིམ་ཆུང་འགག (Tibetan, Tibetan script, Original)
- > rtse gzim chung 'gag (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsé zim chung gak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འཚོགས་ཡུལ་རྩེ་དང་ནོར་གླིང་ཉི་འོད་གཟིམ་ཆུང་ཁག་གི་སྒོ་འགག་ཏུ་ཡིན། འདི་ཏཱ་ལའི་བླ་མའི་སྐུ་མདུན་དུ་རྩེ་དྲུང་རྣམས་དྲུང་ཇ་དང་མཛད་སྒོ་ཁག་ལ་འདུ་འཛོམས་བྱེད་སའི་རྩེ་འགག་ཅེས་པ་དེ་ཡིན། འདིའི་འགོ་འཛིན་རྩེ་མཁན་མགྲོན་ཆེ་བ་(མགྲོན་གཉེར་ཆེན་མོ་ཡང་ཟེར་)དང། དེ་འོག་རྩེ་མགྲོན་བཅུ་དྲུག་གཟིམ་འགག་བཞི་བཅས་ཡོད། དྲུང་ཇ་འཚོགས་གྲོལ་འདི་ཡང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་གམ་ཞབས་སེར་མོ་བ་ཉུང་ཤས་ལས་མེད་པ་དེ་རྣམས་རྩེ་པོ་ཏ་ལར་གཏན་སྡོད་ཀྱིས་ཇ་རྩམ་སོགས་གཞུང་ནས་ནར་གཏོང་བྱེད་སྲོལ་ཡོད་པ་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐབས་ནས་སེར་མོ་བ་རྣམས་དྲུང་འཁོར་དང་འདྲ་བའི་སྲིད་ལས་བྱེད་པོའི་གྲས་སུ་ཞུགས་ཏེ་རྩེ་དྲུང་ཞེས་པའི་མིང་ཆགས་རྗེས་ཀྱང་མུ་མཐུད་རྒྱུད་འཛིན་བྱས་པ་ཞིག་ཡིན། དྲུང་ཇ་འཚོགས་ཡུན་ཆུ་ཚོད་གཉིས་ཙམ་གྱི་དུས་ཚོད་འདི་ནི་ཏཱ་ལའི་བླ་མས་ཉིན་རེའི་ཆོས་སྲིད་ཀྱི་མཛད་སྒོ་ཅི་རིགས་གནང་བའི་དུས་ཚོད་ཡིན་ཞིང། ཉིན་ལྟར་ཞོགས་པ་ཆུ་ཚོད་༡༡ཐོག་རྩེ་དྲུང་ཡོངས་རྫོགས་དང་། ཤོད་སྐོར་བཞུགས་བྱ་བཀའ་བློན།(ནོར་གླིང་དུ་བཀའ་བློན་སྡོད་རེས་)རྩེ་ཕྱག ཕེབས་བྱམས་འགོ་པ་བཅས་དྲུང་ཇ་འཐུང་བར་འདུ་འཛོམས་ཀྱིས་མདོ་སྦུག་གྲལ་གནས་སོ་སོར་འཛོལ་མེད་བསྡད་ཐོག་གཟིམ་འགག་གིས་ཕྲེང་བ་འཛིན་ཞིང་སྒྲིག་ཁྲིམས་གནོན་པ་དང། དེ་བྱིངས་ཚང་མས་ཕྲེང་བའམ་འཛིན་མི་ཆོག་ཅིང་། གླེང་མོལ་དང་སྐད་ཅོར་གྱི་རིགས་མེད་པར་མཛེས་ལམ་གང་ཆགས་ཀྱིས་སྡོད་དགོས་པ་ཡིན། རྩེ་འགག་གི་འགོ་འཛིན་དཔོན་རིགས་མགྲོན་གཉེར་ཆེན་མོ་དང། རྩེ་མགྲོན། གཟིམ་འགག་བཅས་སོ་སོའི་འགན་དབང་སྤྱོད་ཕྱོགས་སོགས་ཀྱི་སྐོར་ཀ་མད་གོ་རིམ་ལྟར་སྡེ་པ་སོ་སོའི་ནང་ཡོད་པ་དེར་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
འཚོགས་ཡུལ་རྩེ་དང་ནོར་གླིང་ཉི་འོད་གཟིམ་ཆུང་ཁག་གི་སྒོ་འགག་ཏུ་ཡིན། འདི་ཏཱ་ལའི་བླ་མའི་སྐུ་མདུན་དུ་རྩེ་དྲུང་རྣམས་དྲུང་ཇ་དང་མཛད་སྒོ་ཁག་ལ་འདུ་འཛོམས་བྱེད་སའི་རྩེ་འགག་ཅེས་པ་དེ་ཡིན། འདིའི་འགོ་འཛིན་རྩེ་མཁན་མགྲོན་ཆེ་བ (མགྲོན་གཉེར་ཆེན་མོ་ཡང་ཟེར) དང་། དེ་འོག་རྩེ་མགྲོན་བཅུ་དྲུག་གཟིམ་འགག་བཞི་བཅས་ཡོད། དྲུང་ཇ་འཚོགས་གྲོལ་འདི་ཡང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་གམ་ཞབས་སེར་མོ་བ་ཉུང་ཤས་ལས་མེད་པ་དེ་རྣམས་རྩེ་མོ་ཏ་ལར་གཏན་སྡོད་ཀྱིས་ཇ་རྩམ་སོགས་གཞུང་ནས་ནར་གཏོང་བྱེད་སྲོལ་ཡོད་པ་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐབས་ནས་སེར་མོ་བ་རྣམས་དྲུང་འཁོར་དང་འདྲ་བའི་སྲིད་ལས་བྱེད་པོའི་གྲས་སུ་ཞུགས་ཏེ་རྩེ་དྲུང་ཞེས་པའི་མིང་ཆགས་རྗེས་ཀྱང་མུ་མཐུད་རྒྱུན་འཛིན་བྱས་པ་ཞིག་ཡིན། དྲུང་ཇ་འཚོགས་ཡུན་ཆུ་ཚོད་གཉིས་ཙམ་གྱི་དུས་ཚོད་འདི་ནི་ཏཱ་ལའི་བླ་མས་ཉིན་རེའི་ཆོས་སྲིད་ཀྱི་མཛད་སྒོ་ཅི་རིགས་གནང་བའི་དུས་ཚོད་ཡིན་ཞིང་། ཉིན་ལྟར་ཞོགས་པ་ཆུ་ཚོད༡༡ཐོག་རྩེ་དྲུང་ཡོངས་རྫོགས་དང་། ཤོད་སྐོར་བཞུགས་བྱ་བཀའ་བློན། (ནོར་གླིང་དུ་བཀའ་བློན་སྡོད་རེད) རྩེ་ཕྱག ཕེབས་བྱམས་འགོ་པ་བཅས་དྲུང་ཇ་འཐུང་བར་འདུ་འཛོམས་ཀྱིས་མདོ་སྨུག་གྲལ་གནས་སོ་སོར་འཛོལ་མེད་བསྡད་ཐོག་གཟིམ་འགག་གིས་ཕྲེང་བ་འཛིན་ཞིང་སྒྲིག་ཁྲིམས་གནོན་པ་དང་། དེ་བྱིངས་ཚང་མས་ཕྲེང་བའང་འཛིན་མི་ཆོག་ཅིང་། གླེང་མོལ་དང་སྐད་ཅོར་གྱི་རིགས་མེད་པར་མཛེས་ལམ་གང་ཆགས་ཀྱིས་སྡོད་དགོས་པ་ཡིན། རྩེ་འགག་གི་འགོ་འཛིན་དཔོན་རིགས་མགྲོན་གཉེར་ཆེན་མོ་དང་། རྩེ་མགྲོན། གཟིམ་འགག་བཅས་སོ་སོའི་འགན་དབང་སྤྱོད་ཕྱོགས་སོགས་ཀྱི་སྒོར་ཀ་མད་གོ་རིམ་ལྟར་སྡེ་པ་སོ་སོའི་ནང་ཡོད་པ་དེར་གཟིགས།
- language:
- Tibetan