- rtse slob grwa
- ID:
- T240691
- རྩེ་སློབ་གྲྭ (Tibetan, Tibetan script, Original)
- > rtse slob grwa (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsé lob dra (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྩེ་པོ་ཏ་ལར་ཡིག་ཚང་ལས་ཁུངས་བཙུགས་ནས་ལོ་ངོ་གསུམ་ལ་སླེབས་པ་ཤིང་ཁྱི་(༡༧༥༤)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་རྩེ་པོ་ཏ་ལར་རིག་གནས་སློབ་གྲྭ་དེར་ཡིག་གཟུགས་དགེ་རྒན་རྩེ་དྲུང་གཅིག་དང་། རིག་གནས། ལཉྪ། ཝརྟུ། ཆག་ལོ་ཡིག་གསར། འགོས་ལོ་ཡིག་གསར་སོགས་ཡིག་སྣའི་རིགས་དང། སྒྲ་སྙན་དངགས། སྡེབ་སྦྱོར། སུམ་རྟགས། རྩིས་དཀར་ནག་སོགས་ལ་བྱང་ཆུབ་པའི་དགེ་རྒན་ཞིག་སྨིན་གྲོལ་གླིང་གྲྭ་ཁོངས་ནས་འདེམས་བསྐོ་གནང་སྲོལ་ཡོད་ཅིང། སློབ་ཕྲུག་ནི་སེ་འབྲས་དགའ་གསུམ་དང་གཞིས་དགོན་ཁག་བཅས་ནས་གྲྭ་ཆག་བརྒྱབ་སྟེ་བསྡུས་པར་གཞུང་པ་ཞེས་དང་རྩེ་དྲུང་ཤག་ཚང་གི་ཁོངས་འཛིན་ལ་སྒེར་པ་ཞེས་ཤེས་རིག་འཛོམས་ལ་ཀུན་སྤྱོད་གཙང་བ་ཞེ་གཅིག་མི་གྲངས་ལྔ་བཅུ་སྐོར་འདེམས་བསྒྲུབས་ཀྱིས་དགེ་རྒན་གཉིས་ནས་འོས་འཆར་ཕུལ་ཐོག་རྩེ་ཡིག་ཚང་ནས་ཞིབ་འཇུག་ཆོག་མཆན་ཕེབས་བསྟུན་འཛུགས་ཇ་དང་བཅས་སློབ་ཞུགས་ཆོག་ཅིང། སློབ་གྲྭ་ཐོན་རིམ་བཞིན་སྲིད་གཞུང་གི་ཞབས་སྡོད་རྩེ་དྲུང་བྱེད་རྒྱུ་རེད།
- language:
- Tibetan
2. Thupten Phuntsok Dictionary
རྩེ་པོ་ཏ་ལར་ཡིག་ཚང་ལས་ཁུངས་བཙུགས་ནས་ལོ་ངོ་གསུམ་ལ་སླེབས་པ་ཤིང་ཁྱི (༡༧༥༤) ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་རྩེ་པོ་ཏ་ལར་རིག་གནས་སློབ་གྲྭ་ཁང་གསར་པ་ཞིག་བཙུགས་གནང་ཐོག་སློབ་གྲྭ་དེར་ཡིག་གཟུགས་དགེ་རྒན་རྩེ་དྲུང་གཅིག་དང་། རིག་གནས། ལཉྫ། ཝརྟུ། ཆག་ལོ་ཡིག་གསར། འགོས་ལོ་ཡིག་གསར་སོགས་ཡིག་སྣའི་རིགས་དང་། སྒྲ་སྙན་དངགས། སྡེབ་སྦྱོར། སུམ་རྟགས། རྩིས་དཀར་ནག་སོགས་ལ་བྱང་ཆུབ་པའི་དགེ་རྒན་ཞིག་སྨིན་གྲོལ་གླིང་གི་གྲྭ་ཁོངས་ནས་འདེམས་བསྐོ་གནང་སྲོལ་ཡོད་ཅིང་། སློབ་ཕྲུག་ནི་སེར་འབྲས་དགའ་གསུམ་དང་གཞིས་དགོན་ཁག་བཅས་ནས་གྲྭ་ཆག་བརྒྱབ་སྟེ་བསྡུས་པར་གཞུང་པ་ཞེས་དང་རྩེ་དྲུང་ཤག་ཚང་གི་ཁུངས་འཛིན་ལ་སྒེར་པ་ཞེས་ཤེས་རིག་འཛོམས་ལ་ཀུན་སྤྱོད་གཙང་བ་ཞེ་གཅིག་མི་གྲངས་ལྔ་བཅུ་སྐོར་འདེམས་བསྒྲུགས་ཀྱིས་དགེ་རྒན་གཉིས་ནས་འོས་འཆར་ཕུལ་ཐོག་རྩེ་ཡིག་ཚང་ནས་ཞིབ་འཇུག་ཆོག་མཆན་ཕེབས་བསྟུན་འཛུགས་ཇ་དང་བཅས་སློབ་ཞུགས་ཆོག་ཅིང་། སློབ་གྲྭ་ཐོན་རིམ་བཞིན་སྲིད་གཞུང་གི་ཞབས་སྡོད་རྩེ་དྲུང་བྱེད་རྒྱུ་རེད།
- language:
- Tibetan