- tsha kho dbon po ngag dbang grags pa
- ID:
- T240784
- ཚ་ཁོ་དབོན་པོ་ངག་དབང་གྲགས་པ (Tibetan, Tibetan script, Original)
- > tsha kho dbon po ngag dbang grags pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsa kho wönpo ngawang drakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཁམས་རྒྱལ་མོ་རོང་དུ་ཚ་ཁོ་རྒྱལ་པོའི་རིགས་སུ་འཁྲུངས། སྡེ་སྣོད་དང་རྒྱུད་སྡེར་སྦྱངས་པའི་མཁས་པའི་གོ་འཕང་བརྙེས། རྗེ་རིན་པོ་ཆེས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང། ལམ་གཙོ་རྣམ་གསུམ་ཡང་རྒྱལ་སྲས་འདིའི་དོན་དུ་ཡི་གེར་འགོད་པར་མཛད། རྒྱལ་སྲས་འདིས་མདོ་སྨད་དུ་བྱོན་ནས་རྗེ་བླ་མའི་རིང་ལུགས་འཛིན་པའི་དགོན་སྡེ་མང་དུ་བཙུགས་ཏེ་ཇ་ཕུ་སྟོད་དུ་ད་ཚང་ལྷུན་འགྲུབ་གླིང་ཟེར་བའི་དགོན་པ་དང་། ཇ་ཕུའི་རྐེད་ན་བ་མགོ་དགོན་པ། ཇ་ཕུའི་སྨད་ན་སུམ་མདོ་དགོན་པ། དམུ་དགེའི་ས་ཆར་བཀྲ་ཤིས་འཁོར་ལོའི་དགོན་ཟེར་བ་སོགས་པའི་དགོན་པ་མང་པོ་ཕྱག་བཏབ། མཚན་གཞན་རྗེ་རིན་པོ་ཆེའི་ཐུགས་སྲས་མཁན་ཆེན་ངག་དབང་གྲགས་པ་ཡང་ཟེར།
- language:
- Tibetan
2. Thupten Phuntsok Dictionary
ཁམས་རྒྱལ་མོ་རོང་དུ་ཚ་ཁོ་རྒྱལ་པོའི་རིགས་སུ་འཁྲུངས། སྡེ་སྣོད་དང་རྒྱུད་སྡེར་སྦྱངས་པའི་མཁས་པའི་གོ་འཕང་བརྙེས། རྗེ་རིན་པོ་ཆེས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་། ལམ་གཙོ་རྣམ་གསུམ་ཡང་རྒྱལ་སྲས་འདིའི་དོན་དུ་ཡི་གེར་འགོད་པར་མཛད། རྒྱལ་སྲས་འདིས་མདོ་སྨད་དུ་བྱོན་ནས་རྗེ་བླ་མའི་རིང་ལུགས་འཛིན་པའི་དགོན་སྡེ་མང་དུ་བཙུགས་ཏེ་ཇ་ཕུ་སྟོད་དུ་ད་ཚང་ལྷུན་འགྲུབ་གླིང་ཟེར་བའི་དགོན་པ་དང་། ཇ་ཕུའི་རྐེད་ན་བ་མགོ་དགོན་པ། ཇ་ཕུའི་སྨད་ན་སུམ་མདོ་དགོན་པ། དམུ་དགེའི་ས་ཆར་བཀྲ་ཤིས་འཁོར་ཨའི་དགོན་ཟེར་བ་སོགས་པའི་དགོན་པ་མང་པོ་ཕྱག་བཏབ། མཚན་གཞན་རྗེ་རིན་པོ་ཆེའི་ཐུགས་སྲས་མཁན་ཆེན་ངག་དབང་གྲགས་པ་ཡང་ཟེར།
- language:
- Tibetan