Skip to main content Skip to search
tsha chu rgyas thebs
ID:
T240791
  • ཚ་ཆུ་རྒྱས་ཐེབས (Tibetan, Tibetan script, Original)
    • > tsha chu rgyas thebs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsa chu gyé teb (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཚ་བ་ཁྲག་མཁྲིས་དང་བསྡོངས་པའི་ནད་ཀྱིས་དྲི་ཆུ་འགགས་པ་དེ་ཉིད་ཡུན་ལོན་པས་སྟོབས་རྒྱས་ནས་ལུས་ཟུངས་ཟིན་པའམ་ཐེབས་ནས་ཟུངས་ཁྲག་དང་འདྲེས་ཤིང་ལུས་ཀྱི་གནས་ཀུན་ལ་ཁྱབ་ནས་གསོ་དཀའ་བར་གྱུར་པའི་ཆུ་ནད་ཅིག་གི་མིང་སྟེ། ཛི་ན་མི་ཏྲའི་གཞུང་ལས། དམུ་ཆུ་རྒྱ་ཡིས་ཐེབས་པ་ནི། བཤལ་གྱིས་མི་འདྲོངས་ཆུ་རྒྱས་ཐེབས། གཙག་ཏུ་མི་བཏུབ་ལུས་ཟུངས་ཡིན། ཆུ་རྒྱས་ཐེབས་པས་སྐྱེ་ཐག་ཆོད། ཡུན་རིང་གསོ་དཀའ་དེ་ཡིན་ནོ། །

language:
Tibetan