- tsha ba ri thang mtshams
- ID:
- T240812
- ཚ་བ་རི་ཐང་མཚམས (Tibetan, Tibetan script, Original)
- > tsha ba ri thang mtshams (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsawa ri tang tsam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དཔེ་དོན་སྦྱར་ནས་བཤད་པའི་ཚ་བ་ཁྲག་མཁྲིས་ཀྱི་སྟོབས་ཟད་ཅིང་། བད་རླུང་གྲང་བའི་ནད་མ་ལངས་པའི་མཚམས་ཀྱི་མིང་སྟེ། དགེ་སློང་ནམ་མཁའ་སེང་གེས་མཛད་པའི་མན་ངག་ལྷན་ཐབས་ལྟར་གྱི་ནད་རྟགས་ངོས་འཛིན་གསལ་བར་སྟོན་བྱེད་ཧ་ནུས་མནྠའི་རོལ་རྩེད་ལས། རི་ཐང་མཚམས་སམ་ཞུ་འཁྱགས་མཚམས་ཞེས་པ། དཔེར་ན་དགུན་དུས་ཆུ་འཁྱགས་ཉི་འོད་ཀྱིས། ཞུ་ཡང་སླར་དེ་གྲང་བས་འཁྱགས་པ་ལྟར། ཚད་ཆོག་རླུང་སྐྱེས་དུས་སུ་བསིལ་ཐལ་ན། སླར་ཡང་ཚ་བ་ལྡོག་པས་དེ་ལྟར་བརྗོད། ཅེས་དང་། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཚ་བ་རི་ཐང་མཚམས་ནི། ཚ་བ་ཁྲག་མཁྲིས་ནད་ཀྱི་སྟོབས་ཟད་ཅིང་བད་རླུང་གྲང་བའི་ནད་ཀྱི་མགོ་མ་ལངས་པའི་མཚམས་ཏེ། མཚོན་བྱེད་དཔེར་ན། རི་ཟད་ནས་ཐང་དུ་མ་སླེབས་པའི་བར་རམ་སྒོའི་ཐེམ་པའི་སྟེང་དུ་བབས་པའི་བྱེའུ་ཕྱི་ནང་གང་དུ་འཕུར་མིན་མི་འབྱེད་པའི་མཚམས་ལྟ་བུ་ལ་ཟེར་རོ། །
- language:
- Tibetan