- tsha ba'i nad rigs nyer gsum
- ID:
- T240815
- ཚ་བའི་ནད་རིགས་ཉེར་གསུམ (Tibetan, Tibetan script, Original)
- > tsha ba'i nad rigs nyer gsum (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsawé né rik nyersum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(1)རྟེན་གྱི་སྒོ་ནས་དབྱེ་བ། བྱིས་པ་དང་། དར་མ། རྒན་པོ་རྣམས་ཏེ་ན་སོའི་རིམ་པས་དབྱེ་བའི་ཚ་བ།(2)དུས་ཀྱི་སྒོ་ནས་དབྱེ་བ། ཚ་བ་གསར་པ་དང་རྙིང་པ་གཉིས་སོ། །(3)ཉེས་པའི་སྒོ་ནས་དབྱེ་བ། རླུང་དང་བསྡོང་པ། གཡལ་མང་། འདར། གཉིད་ཡེར། ལུས་བརྩེ། མཁྲིས་པ་བསྡོང་བ། ཁ་ཁ་མིག་དང་ཆུ་སེར་བ། བད་ཀན་བསྡོང་བ། ལུས་ལྕི། ཤེས་པ་རྨོངས། ཟས་འཇུ་དཀའ། ཁྲག་དང་བསྡོང་བ། མིག་དང་ཆུའི་མདོག་དམར་བ། གཟེར་ཅིང་འདྲིལ་བ། ཆུ་སེར་བསྡོང་བ། པགས་པ་གཡོས་ཤིང་སྐྲངས་པ། ཟ་འཕྲུག་བྱེད། ཤུར་ཐོར་འོང་། (4)གནས་ཀྱི་སྒོ་ནས་དབྱེ་བ། ཕྱི་ཤ་ལྤགས་ལ་གནས་པ། ནང་དོན་སྣོད་ལ་གནས་པ། བར་རྩ་རུས་ལ་གནས་པ་བཅས། (5)རྒྱུད་ཀྱི་སྒོ་ནས་དབྱེ་བ། རང་རྒྱུད། ནད་གཞན་གྲོས་མེད་པ་ཚ་བ་རྐྱང་པའི་ནད། (6)གཞན་རྒྱུད་ལྡན་ཚད་གཉིས། ༡ རླུང་དང་ལྡན་པའི་ཚད་པ་ནི། གཅིག་གྲོགས་གཅིག་གིས་བྱེད་པ། དཔེར་ན་གཉེན་བཤེས་མཐུན་ལས་བྱེད་པ་འདྲ། ༢ བད་ཀན་དང་ལྡན་པ། ཕན་ཚུན་འཁྲུག་པས་མི་མཐུན་པའི་མི་གཉིས་གནས་གཅིག་ཏུ་འཚོགས་པ་དང་འདྲའོ། ། (7)གཞན་རྒྱུད་འདུས་པ། འདུས་པའི་ཚད་པ་ནི། དུས་ངན་ཤར་པོ་སྟེ་ང་རྒྱལ་གྱི་འགྲན་སེམས་བྱེད་པ་དང་འདྲ་བ། ཁོ་བས་ང་དྲག་བསམ་ནས་གཅིག་འོག་ཏུ་གཅིག་མི་འདུས་པ་དང་འདྲའོ། །དེ་དག་ལ་བསིལ་དྲོད་ཀྱི་གཉེན་པོ་གང་ཞིག་བསྟེན་ཀྱང་དྲོད་ཀྱི་གཉེན་པོ་གང་ཞིག་བསྟེན་ཀྱང་ཐོག་མར་ཕན་སྙམ་བྱེད་ཅིང་། བསྟུད་ན་གནོད་པས་འདུས་ཚད་ཡིན་པར་ཤེས། (8)གནས་སྐབས་དབྱེ་བ། ཚ་བ་སྨིན་པ། གྲང་ཤུམ་བྱེད་ཅིང་། ཚིགས་གཞི་སྲོད་དུས་ན། རྒྱས་ཚད། ཚད་པའི་རྟགས་མཐའ་དག་རྫོགས་པར་ཡོང་། སྟོངས་ཚད། གཉེན་པོ་བསིལ་བ་བསྟེན་ན་ན་ཚ་ཇེ་འཕེལ་འགྱུར། གབ་ཚད། དྲོད་བཅུད་རིམ་པས་ཡུན་རིང་དུ་བསྟེན་ན་གནོད་པར་ཤེས་འོང་། རྙིངས་ཚད། ལོ་ཟླ་སོག་ཡུན་དུ་ལོན་པ་ན་རྙིངས་ཚད་ཡིན་པ་ཤེས་སོ། །རྙོགས་ཚད། རྔུལ་མང་། ལུས་བརྩེ། སྣ་ཁྲག་འབྱུང་། གདོང་སྐྲངས་ཞིང་གཡོ། (9)རིགས་ཀྱི་སྒོ་ནས་དབྱེ་བ། རིམས་ཚད། མགོ་ན། ཤེས་པ་ཟ་ཟི་བྱེད། ལུས་གྲང་ཤུམ་བྱེད། འཁྲུགས་ཚད། གཟེར་ཆེ། ལུད་པ་མང་། དབུགས་མི་བདེ། འགྲམས་ཚད། སྤྱོད་ལམ་དྲག་པོ་གང་བྱས་པའི་རྗེས་སུ་ན་བ། དུག་ཚད། ནད་རྟགས་མ་ངེས་པ་སྣ་ཚོགས་འབྱུང་བའོ། །
- language:
- Tibetan