Skip to main content Skip to search
tshan zho
ID:
T240908
  • ཚན་ཞོ (Tibetan, Tibetan script, Original)
    • > tshan zho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsen shyo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དུགས་རྒྱབ་རྒྱུའི་རྫས་ཀྱི་མིང་སྟེ། བཀྲ་འབུམ་པས་མཛད་པའི་མན་ངག་རྒྱུད་ཀྱི་དཀའ་འགྲེལ་ལས། ཚན་རྡོ་ཞེས་གཡའ་ཚན་དང་། སྤང་ཚན། གངས་ཚན་གསུམ་གྱིས་གང་ན་བའི་གནས་སུ་སྦྱར་དགོས་པའི་བསིལ་དུགས་བྱ་རྒྱུའི་རྫས་ཀྱི་མིང་ངོ་། ཞེས་དང་། འབྲི་གུང་དཀའ་མཆན་ལས། ཚན་ཞོ་ནི་སྲོ་ལོ་སྨུག་པོའི་ལོ་མ་གང་ནའི་གནས་སུ་བདུག་རྒྱུའི་དུགས་རྫས་ཀྱི་མིང་ངོ་། ཞེས་གསུངས་པ་ལྟར་དང་། གོང་སྨན་དཀོན་ཅོག་བདེ་ལེགས་ཀྱིས་མཛད་པའི་པོད་དམར་ལས། རྨ་བཅོས་སྐབས་ཀྱི་ཚན་རྡོ་ཚན་ཞོ་ཞེས། དྲོད་དུགས་བསིལ་དུགས་རྫས་ཀྱི་མིང་ཡིན་པས། དོན་ལ་མ་བརྟག་སྒྲ་ལ་ཞེན་པ་འགས། རྡོ་དང་ཞོ་ཡི་མིང་དུ་འཁྲུལ་བ་ཐོས། ཞེས་གསུངས་པ་ལྟ་བུའོ། །

language:
Tibetan