Skip to main content Skip to search
tshabs skran
ID:
T240928
  • ཚབས་སྐྲན (Tibetan, Tibetan script, Original)
    • > tshabs skran (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsab tren (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བུད་མེད་ཀྱི་མངལ་དུ་ཟླ་མཚན་ཆུ་སེར་དང་ལྷན་དུ་རླུང་གིས་སྒྲིལ་བ་ལས་བྱུང་བའི་མངལ་སྐྲན་རིགས་དགུའི་བསྡུས་མིང་སྟེ། མན་ངག་ཡོན་ཏན་རྒྱུད་ལས། ཚབས་སྐྲན་ཆུ་བུར་ཅན་དང་ཧྲེམ་པོ་དང་། རྩ་སྐྲན་ས་བོན་སྐྲན་དང་ཟ་ཁུ་དགུ། ཟླ་མཚན་ཆུ་སེར་རླུང་གི་སྒྲིལ་བ་ལ། ཚབས་སྐྲན་ཞེས་བྱ་དབྱེ་བ་དགུ་རུ་འགྱུར། ཞེས་དང་། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཚབས་སྐྲན་ནི། མངལ་གྱི་ནང་དུ་ཟླ་མཚན་རླུང་གིས་སྒྲིལ་བ་ལས་བྱུང་བའི་ནད་ཀྱི་མིང་ངོ་། །ཞེས་གསུངས།

language:
Tibetan