Skip to main content Skip to search
tshabs nad
ID:
T240931
  • ཚབས་ནད (Tibetan, Tibetan script, Original)
    • > tshabs nad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsab né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འབྲས་བུའི་མིང་རྒྱུ་ལ་བཏགས་པའི་བུད་མེད་ཀྱི་ཟླ་མཚན་ལུས་ལ་བྱེར་བ་ལས་བྱུང་བའི་ནད་ཀྱི་མིང་སྟེ། མན་ངག་ཡོན་ཏན་རྒྱུད་ལས། ཟླ་མཚན་ཆུ་སེར་རླུང་གིས་བྱེར་བ་ལས། རྩ་ནད་ཅེས་བྱ་ཚབས་ནད་བཅུ་དྲུག་འགྱུར། ཞེས་གསུངས་པ་ལྟར་དང་། ནད་དེ་ལ་ཚབས་ནད་ཅེས་བརྗོད་པའི་རྒྱུ་མཚན་ནི། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཚབས་ནད་ནི་བུད་མེད་ཀྱི་ཟླ་མཚན་ཆུ་སེར་དང་ལྷན་དུ་རླུང་གིས་གཏོར་ནས་ལུས་ཀྱི་གནས་ཀུན་ཏུ་བྱེར་བ་ལས་བྱུང་བའི་རྩ་ནད་ཁྲག་ཚབས་བཅུ་དང་རླུང་ཚབས་དྲུག་གི་སྤྱི་མིང་ངོ་། །དེ་རྣམས་ལ་ཅིའི་ཕྱིར་ཚབས་ནད་ཅེས་བརྗོད་དམ་སྙམ་ན། ནད་དེ་བུད་མེད་ཀྱི་ལུས་ལ་ལོ་ཟླ་དུ་མར་གནས་ཤིང་ལུས་ཟུངས་ཉམས་པར་བྱེད་པ་དང་། ལུས་སེམས་ལ་མི་བདེ་བར་བྱེད་པའི་ནད་ཚབས་ཆེན་པོ་ཡིན་པའི་ཕྱིར་རོ། །ཞེས་གསུངས།

language:
Tibetan