Skip to main content Skip to search
tshar bcad kyi gnas bcu drug
ID:
T240935
  • ཚར་བཅད་ཀྱི་གནས་བཅུ་དྲུག (Tibetan, Tibetan script, Original)
    • > tshar bcad kyi gnas bcu drug (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsarché kyi né chudruk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བོད་གངས་ཅན་གྱི་ཚད་མ་སྨྲ་བ་སྔ་རབས་པ་རྣམས་ཀྱིས་བཞེད་པའི་ཚར་བཅད་ཀྱི་གནས་ཀྱི་རྣམ་གྲངས་ཏེ། སྔར་རྒོལ་ལ་ལན་མི་བརྗོད་པ་དང་སྐྱོན་ཅན་བརྗོད་པ། མ་དྲིས་པ་བརྗོད་པ། སྐྱོན་མི་སྤོང་བ། ལན་ལྟར་སྣང་བ། སྐབས་སུ་མ་བབས་པའི་ལན་བརྗོད་པ་སྟེ་དྲུག་དང་། ཕྱི་རྒོལ་ལ་མི་འདྲི་བ། མི་འོས་པ་འདྲི་བ། མ་འབྲེལ་བ་འདྲི་བ། སྐྱོན་མི་བརྗོད་པ། སྐྱོན་ལྟར་སྣང་བརྗོད་པ། སྐབས་སུ་མ་བབས་པའི་སྐྱོན་བརྗོད་པ་སྟེ་དྲུག དཔང་པོ་ལ་ཤན་མི་འབྱེད་པ། ཕྱིན་ཅི་ལོག་ཏུ་འབྱེད་པ། སྐབས་མ་ཡིན་པར་འབྱེད་པ་སྟེ་གསུམ་དང་། ཐུན་མོང་དུ་རྣ་བ་མི་གཏོད་པ་བཅས་སོ། །

language:
Tibetan