- tshigs phran nyis brgya dang rtsa bcu
- ID:
- T240981
- ཚིགས་ཕྲན་ཉིས་བརྒྱ་དང་རྩ་བཅུ (Tibetan, Tibetan script, Original)
- > tshigs phran nyis brgya dang rtsa bcu (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsik tren nyigya dang tsa chu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ལུས་འདི་ལ་རུས་པ་ཕན་ཚུན་བར་མཚམས་འབྲེལ་བའི་ཚིགས་ཕྲན་བུའི་རྣམ་གྲངས་འདྲེན་ན་ཉིས་བརྒྱ་དང་བཅུ་མཆིས་པས་དེ་དག་གྲངས་འདྲེན་ཚུལ་ཐད་བྱང་ཟུར་གཉིས་བཞེད་པ་མི་འདྲ་བ་ཆེར་མ་མཆིས་པས་འདིར་མི་དབང་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ནས་དྲངས་ཏེ་འགོད་པ་ལས། དེ་ཉིད་ལས་ཇི་སྐད་དུ། དེ་ལས་གཞན་པའི་ཚིགས་ཕྲན་བུ་ནི། ལག་པར་སོར་མོ་ལྔ་ལ་གསུམ་རེ་དང་། གྲེ་མོ་མཁྲིག་མ་གཉིས་ཀྱི་ཚིགས་ཆེན་ལོགས་ཚིགས་ཆུང་རེ་བཅས་སོ་བཞི། དེ་བཞིན་རྐང་པའི་སོར་མོ་རྣམས་ལ་གསུམ་རེ། པུས་ལོང་གཉིས་ཚིགས་ཕྲན་རེ་བཅས་སོ་བཞི་སྟེ་ཡན་ལག་བསྡོམས་པས་རེ་བརྒྱད། ལུས་ལ་རྩིབ་མ་ཉེར་དྲུག སྒལ་ཚིགས་ལ་ཉེར་བརྒྱད། ཕྲག་པ་དང་མཇིང་པ་ལ་གཉིས་གཉིས་ཏེ་བཞི། ལྟག་རུས་ལ་གཅིག་སྟེ་ང་དགུ མགོ་ལ་འགྲམ་པ་ལ་ཡས་མས་གཉིས་རེ་བཞི། སོ་རྩ་བར་སོ་གཉིས། མིག་རུས་ལ་བཞི། མཁུར་ཚོས་ལ་རེ་དང་མིག་སྲུབས་ལ་གཅིག་རྣ་བ་ནས་མིག་གི་བར་རུས་པ་ཉི་ཤུ་ཡོད་པར་ཚིགས་ལོགས་པོ་འགྲོ་དགོས་པས་བཞི་བཅུ་སྟེ། མགོ་ཚིགས་གྱ་གསུམ་འགྲིག བསྒྲིལ་བས་ཉིས་བརྒྱ་དང་ནི་རྩ་བཅུ་ཡོད་པའོ། །ལྔ་བཅུ་ནི་ཡི་གེ་ཉམས་པ་སྟེ། ཡན་ལག་བརྒྱད་པར། ཚིགས་ནི་ཉིས་བརྒྱ་རྩ་བཅུར་འདོད། ཅེས་པ་དང་འགྲེལ་པ་སོགས་མཐུན་ནོ། །ཞེས་གསུངས།
- language:
- Tibetan