Skip to main content Skip to search
tshil gnad brgyad
ID:
T240989
  • ཚིལ་གནད་བརྒྱད (Tibetan, Tibetan script, Original)
    • > tshil gnad brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsil né gyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྐབས་འདིའི་ཚིལ་གནད་ཅེས་རྨེན་བུའི་གནད་ལ་འཇུག་སྟེ། དཔལ་ལྡན་བྱང་པའི་བཤད་རྒྱུད་ཀྱི་འགྲེལ་པ་བདུད་རྩིའི་ཆུ་རྒྱུན་ལས། རྨེན་བུ་ནི་ཚིལ་གྱི་སྙིགས་མའོ། །ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཚིལ་གནད་ཅེས་རྨེན་གནད་ལ་འཇུག་སྟེ། དེའི་རྒྱུ་མཚན་ནི་རྨེན་བུ་རྣམས་ཚིལ་བུ་ནས་བྱུང་བས་སོ། །ཞེས་གསུངས་པ་ལྟར་གྱི་ཚིལ་གནད་དེ་དག་ངོས་འཛིན་ཐད་སྔོན་བྱོན་མཁས་པའི་བཞེད་ཚུལ་མི་འདྲ་བ་མཆིས་ཀྱང་སྐབས་འདིར་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི་བཞེད་པ་ལྟར་བཀོད་པར་བྱ་སྟེ། རྨེན་བུའི་གནད་ནི་སྐྱོགས་རའི་ཚིགས་མཚམས་ནས། ཕྲག་གོང་སོར་བཞི་རྨེན་བུ་མགོ་སྔོན་གཉིས། ཁྱི་སྲོས་སྣ་ནས་གྱེན་དུ་སོར་ལྔ་ན། དཔུང་པའི་རྨེན་བུ་སྨུག་པོ་ཞེས་བྱ་གཉིས། པུས་མོའི་ཕྱི་ཟུར་ཚིགས་ཀྱི་མཚམས་ན་ཡར། མཐོ་གང་བཅལ་བར་རྨེན་བུ་དཀར་པོ་གཉིས། དེ་ནས་སོར་གསུམ་སྦྲུལ་མགོ་གདེངས་པ་གཉིས། སྔ་མ་གཉིས་ནི་བྱང་ཁོག་ཕྱི་མ་དྲུག ཡན་ལག་ལ་གནས་ཚིལ་གནད་བརྒྱད་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །

language:
Tibetan