- tshul gsum tshang ba
- ID:
- T241016
- ཚུལ་གསུམ་ཚང་བ (Tibetan, Tibetan script, Original)
- > tshul gsum tshang ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsul sum tsangwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འཇམ་མགོན་བླ་མས་སྐྱ་པཎྜ་ཏའི་དགོངས་པ་གཞིར་བཞག་གི་གཏན་ཚིགས་ཡང་དག་གི་མཚན་ཉིད་ཅིག་སྟེ། དཔེར་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ། སྒྲ་བྱས་པ་ཡིན་པ་ཚུལ་དང་པོ་ཕྱོགས་ཆོས། བྱས་ན་མི་རྟག་པས་ཁྱབ་པ། མཐུན་དཔེ་བུམ་པའི་སྟེང་དུ་གྲུབ་པ་ཚུལ་གཉིས་པ་རྗེས་འགྲོའི་ཚུལ་མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ་པ་མི་མཐུན་དཔེ་ནམ་མཁའི་སྟེང་དུ་གྲུབ་ལྡོག་པའི་ཚུལ་ཏེ། ཚུལ་གསུམ་ལྡན་པའམ་ཚང་བའི་རྟགས་དེ་རྟགས་ཡང་དག་ཡིན་ཞེས་པའི་དོན། ཕྱོགས་ཆོས་གྲུབ་ཅིང་འབྲེལ་པ་ངེས་པའི་གཏན་ཚིགས་དང་དོན་གཅིག
- language:
- Tibetan