Skip to main content Skip to search
tshe yi rtsa gsum
ID:
T241035
  • ཚེ་ཡི་རྩ་གསུམ (Tibetan, Tibetan script, Original)
    • > tshe yi rtsa gsum (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsé yi tsa sum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཅིག་ནི་མགོ་ལུས་ཐམས་ཅད་ཁྱབ་པར་གནས། ཞེས་པ་ལུས་ཀྱི་མེ་དྲོད་ལ་ཟེར། མེ་དྲོད་ནི་ལུས་ཀྱི་སྟོབས་དང་གཟི་མདངས་འཕེལ་བར་བྱེད་པའི་རྒྱུ་གཙོ་བོ་ཡིན་ལ། རྒས་པའི་དུས་སུ་ལུས་ཉམས་ཤིང་མདངས་ཟད་འགྲོ་ཞིང་ཡོད་པ་རེད། མེ་དྲོད་དེའི་རྟེན་གཙོ་བོ་ཕོ་བ་དང་། གཞན་ཡང་ལུས་ཟུངས་བདུན་པོ་སོ་སོའི་ཆ་དང་། ཁྱད་པར་ཁྲག་དང་ལྷན་དུ་ཁྲག་རྩ་རྣམས་ལ་བརྟེན་ནས། ལུས་ཟུངས་སོ་སོའི་དྭངས་སྙིགས་འབྱེད་ཅིང་། གཟི་མདངས་འཕེལ་བ་དང་། ཚེ་སྲོག་བརྟན་པར་བྱེད་པའི་ཆ་ནས་ཚེ་ཡི་རྩ་ཞེས་མིང་བཏགས་པ་ཡིན། གཅིག་དབུགས་དང་འགྲོགས་ནས་རྒྱུ་བ་ཡིན། ཞེས་པ་དབུགས་དང་ལྷན་ཅིག་ཏུ་རྒྱུ་བའི་ཡེ་ཤེས་ཀྱི་རླུང་གི་དྭངས་མ་སྟེ། དེང་རབ་གསོ་རིག་ལུགས་ཀྱི་རླུང་གསོས(oxygen )་ལ་ཟེར། རླུང་གི་དྭངས་མ་དེ་ཉིད་རྩ་ལ་བརྟེན་ནས་སྲོག་བརྟེན་པ་བྱེད་པའི་ཆ་ནས་ཚེ་ཡི་རྩ་ཞེས་མིང་བཏགས་པ་ཡིན། གཅིག་ནི་བླ་དང་འདྲ་སྟེ་འཁྱམས་པ་ཡིན། ཞེས་པ་ནི་ཁུ་བའི་དྭངས་ལུས་ཀྱི་སྟོབས་དང་མདངས་བྱེད་པ་སྟེ། ངོ་བོ་འབྱུང་བ་ཐམས་ཅད་ཀྱི་དྭངས་མ་ཁམས་བྱང་ཆུབ་ཀྱི་སེམས་རྒྱས་འགྱུར་གྱི་རིགས་དེ་ཉིད་ཡིན་ལ། དེ་ཡང་ཕོ་མོའི་ཁམས་དཀར་གྱི་དྭངས་མའི་ཆ་དེ་ཉིད་རོ་རྐྱང་གི་རྩ་ལམ་བརྒྱུད་དེ་ལུས་ཀྱི་སྟོད་སྨད་དུ་ཉིན་རེ་བཞིན་འཕོ་ནས་འགྲོ་བའི་ལུས་ཀྱི་བླ་གནས་ཞེས་ཟེར། འདིའང་ཁམས་ཀྱི་དྭངས་མ་དེ་ཉིད་ཁྲག་དང་རྩ་ནས་སྲོག་བརྟན་པར་བྱེད་པའི་ཆ་ནས་ཚེ་ཡི་རྩ་ཞེས་མིང་བཏགས་པ་ཡིན།

language:
Tibetan