Skip to main content Skip to search
tshes bzhi rnying ma grags pa rgyal mtshan
ID:
T241072
  • ཚེས་བཞི་རྙིང་མ་གྲགས་པ་རྒྱལ་མཚན (Tibetan, Tibetan script, Original)
    • > tshes bzhi rnying ma grags pa rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsé shyi nyingma drakpa gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ཉིད་རབ་བྱུང་ལྔ་པའི་ཆུ་སྦྲུལ(༡༢༩༣)ལོར་ཡབ་དཔོན་རིན་ཆེན་སྐྱབས་དང་། ཡུམ་ཞང་ལྕང་མའི་སྲས་སུ་སྐུ་བལྟམས། སྐུ་གཞོན་ནུའི་དུས་སུ་མཁན་པོ་ཚུལ་དར་དང་། སློབ་དཔོན་ཞང་བཙུན་བུ་ཧྲངས་པ་ལས་རབ་ཏུ་བྱུང་བའི་མཚན་གྲགས་པ་རྒྱལ་མཚན་དུ་གསོལ། གཉིས་མཆོད་པ་ལས་ཆོས་ཁྲིད་རྣམས་ཞུས། བླ་མ་ལྷ་ཁང་བས་ཆོས་སྒོ་ཕྱེས། བླ་མ་བྲག་རིན་ཆེན་ལས་ཆོས་སྐྱོང་རྣམས་གསན། བླ་མ་ཏི་སེ་བ་དར་མ་རྒྱལ་པོ་སོགས་ལས་བཀའ་བརྒྱུད་ཀྱི་གདམས་པའི་ཞིབ་ཆ་རྣམས་གསན། ལྕགས་ཁྱི(༡༣༡༠)ལོར་ཕག་གྲུའི་གདན་སར་ཕེབས་ནས་ལོ་ལྔ་བཅུ་ང་གཅིག་བར་ཚོགས་པ་བསྐྱངས། པྲ་ཏི་བ་དང་ཏི་སེ་བའི་རི་པ་རྣམས་ལ་མངོན་མཁྱེན་གསུངས། ཁྱད་པར་ཅན་གྱི་སློབ་མ་བཅུ་གཉིས་རིན་པོ་ཆེ་དང་། བླ་མ་མཁར་ཐོག་པ། བླ་མ་སྣེའུ་བ། རྡོར་འཛིན་སངས་རྒྱས་རྒྱལ་མཚན་ཞེས་པ་སོགས་མང་དུ་བྱུང་། དགུང་ལོ་དྲུག་ཅུ་རེ་བརྒྱད་ལ་ཕེབས་པ་རབ་བྱུང་དྲུག་པའི་ལྕགས་བྱི་(༡༣༦༠)ལོའི་བོད་ཟླ་བཅུ་པའི་ཚེས་གསུམ་ལ་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ཉིད་རབ་བྱུང་ལྔ་པའི་ཆུ་སྦྲུལ (༡༢༩༣) ལོར་ཡབ་དཔོན་རིན་ཆེན་སྐྱབས་དང་། ཡུམ་ཞང་ལྕམ་མའི་སྲས་སུ་སྐུ་བལྟམས་སྐུ་གཞོན་ནུའི་དུས་སུ་མཁན་པོ་ཚུལ་དར་དང་། སློབ་དཔོན་ཞང་བཙུན་བུ་ཧྲངས་པ་ལས་རབ་ཏུ་བྱུང་བའི་མཚན་གྲགས་པ་རྒྱལ་མཚན་དུ་གསོལ། ལྕགས་ཁྱི (༡༣༡༠) ལོར་ཕག་གྲུའི་གདན་སར་ཕེབས་ནས་ལོ་ལྔ་བཅུ་ང་གཅིག་བར་ཚོགས་པ་བསྐྱངས། པྲ་ཏི་བ་དང་ཏི་སེ་བའི་རི་པ་རྣམས་ལ་མངོན་མཁྱེན་གསུངས། ཁྱད་པར་ཅན་གྱི་སློབ་མ་བཅུ་གཉིས་རིན་པོ་ཆེ་དང་། བླ་མ་མཁར་ཐོག་པ། བླ་མ་སྣེའུ་བ། རྡོར་འཛིན་སངས་རྒྱས་རྒྱལ་མཚན་ཞེས་པ་སོགས་མང་དུ་བྱུང་། དགུང་ལོ་དྲུག་ཅུ་རེ་བརྒྱད་ལ་ཕེབས་པ་རབ་བྱུང་དྲུག་པའི་ལྕགས་བྱི (༡༣༦༠) ལོའི་བོད་ཟླ་བཅུ་པའི་ཚེས་གསུམ་ལ་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་ལྔ་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1293 ལོར་[1391]ཡབ་རིན་ཆེན་སྐྱབས་དང་། ཡུམ་ཞང་ལྕམ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ 1360 ལོར་སྐུ་གཤེགས། སྐུ་གཞོན་ནུའི་དུས་སུ་མཁན་པོ་ཚུལ་དར་དང་། སློབ་དཔོན་ཞང་བཙུན་པུ་ཧྲངས་པ་གཉིས་ལས་རབ་ཏུ་བྱུང་ཞིང་མཚན་ལ་གྲགས་པ་རྒྱལ་མཚན་དུ་གསོལ། མཁན་པོ་ཚུལ་དར་ལས་འདུལ་བའི་ཆོས་སྐོར་རྣམས་གསན། དེ་ནས་སྤྱན་སྔ་གཉིས་མཆོད་པ་གྲགས་པ་རིན་ཆེན་ལས་བཀའ་བརྒྱུད་པའི་གདམས་ངག་ཕྱག་ལེན་དང་བཅས་པར་ཞུས། བླ་མ་ལྷ་ཁང་པས་ཆོས་སྒོ་ཕྱེ་བ་ལས་དབང་ལུང་མང་དུ་ཞུས། བླ་མ་བྲག་པ་རིན་ཆེན་ལས་ཆོས་སྐྱོང་གི་སྐོར་རྣམས་གསན། བླ་མ་ཏི་སེ་བ་དར་མ་རྒྱལ་པོ་ལས་བཀའ་བརྒྱུད་ཀྱི་གདམས་ངག་གི་ཞིབ་ཆ་རྣམས་ལེགས་པར་གསན། དགུང་ལོ་བཅོ་བརྒྱད་པ་རབ་བྱུང་ལྔ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1310 ལོར་ཕག་གྲུའི་གདན་ས་སྤྱན་སྔའི་གོ་སར་ཕེབས། ལོ་ངོ་སུམ་ཅུ་སོ་གསུམ་རིང་དུ་གདན་སའི་འགན་ཁུར་བཞེས་ནས་འཆད་ཉན་གྱིས་དགེ་འདུན་རྣམས་ཀྱི་ཚོགས་པ་བསྐྱངས་ཤིང་བསྟན་འགྲོའི་བྱ་བ་རྒྱ་ཆེན་མཛད་དེ་གདན་སའི་གོ་ས་དགོངས་པ་ཞུས་ནས་ཟུར་བཞུགས་མཛད། དགུང་ལོ་དྲུག་ཅུ་རྩ་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་ཕག་གྲུའི་གདན་རབས་བརྒྱད་པ་ཡིན། །ཁོང་གི་སློབ་མ་གྲགས་ཆེ་བ་ནི་བཅུ་གཉིས་གསར་མ་གྲགས་པ་ཤེས་རབ་དང་། བླ་མ་མཁར་ཐོག་པ། བླ་མ་སྣེའུ་བ། རྡོར་འཛིན་སངས་རྒྱས་རྒྱལ་མཚན། བླ་མ་མགོན་གཞོན་པ། མཚུངས་མེད་རིག་གཞོན་པ་བཅས་ཡིན། ། [1392]

language:
Tibetan