- tshon khra can gyi lgang bzhu
- ID:
- T241156
- ཚོན་ཁྲ་ཅན་གྱི་ལྒང་བཞུ (Tibetan, Tibetan script, Original)
- > tshon khra can gyi lgang bzhu (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsön trachen gyi gang shyu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བཟོ་བཀོད་མཛེས་རྩལ་གྱི་ཐོན་དངོས་གྲས་ཤིག་ཡིན། དེར་ལོ་རྒྱུས་ཡུན་རིང་ལྡན་པ་དང་། མི་རྣམས་ཀྱིས་དུས་ཆེན་དང་རྟེན་འབྲེལ་བྱེད་པའི་སྐབས་སུ། སྒོའི་གཡས་གཡོན་དུ་ལྒང་བཞུ་སྣ་ཚོགས་བཀལ་ཏེ་རྟེན་འབྲེལ་མཚོན་པ་བྱེད་ཀྱི་ཡོད། ལྒང་བཞུ་བཟོ་སྟངས་ནི་ལྕགས་སྐུད་དམ་ཟངས་སྐུད་སོགས་ཀྱིས་ཕྱི་སྒྲོམ་བཟོས་ཐོག གྲུ་ཙི་སྲབ་པོས་བཏུམས་ནས་མེ་ཏོག་དང་བྱ་རིགས་སྣ་ཚོགས། སྲོག་ཆགས་སྣ་ཚོགས་ཀྱི་གཟུགས་བརྙན་རི་མོའི་ལམ་དུ་བཀོད་དེ་རྒྱན་སྤྲོས་བྱས་ཡོད།
- language:
- Tibetan