Skip to main content Skip to search
tshon mdog gi drag zhan 'gyur ba
ID:
T241166
  • ཚོན་མདོག་གི་དྲག་ཞན་འགྱུར་བ (Tibetan, Tibetan script, Original)
    • > tshon mdog gi drag zhan 'gyur ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsön dok gi drakshyen gyurwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཕྱི་རོལ་ཡུལ་གྱི་ཁོར་ཡུག་གི་ནང་དུ་ཚོན་མདོག་ནི་གཅིག་གྱུར་དང་ཆ་འགྲིག་པོ་ཡོད། འོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཚོད་འཛིན་ཡོད་པར་བརྟེན། དྲག་ཞན་གྱི་འགྱུར་བ་མངོན་པ་ཡིན། གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་མེད་པའི་གནས་ཚུལ་འོག སྤྱིར་བཏང་ཐོག་གཤམ་གསལ་གྱི་ཆོས་ཉིད་འདི་འདྲ་ཞིག་ཡོད་པ་སྟེ། ༡ དྲོད་མདོག་ནི་གྲང་མདོག་ལས་དྲག་པ་ཡིན། གྲང་མདོག་ནི་བར་གནས་མདོག་ལས་དྲག་པ་ཡིན། ༢ བསྡུར་ཚད་ཤུགས་ཆེ་བའི་ཚོན་མདོག་དྲག་པ་དང་བསྡུར་ཚད་ཤུགས་ཆུང་བའི་ཚོན་མདོག་ཞན་པ་ཡིན། ༣ ཁམས་དྭངས་པའི་ཚོན་མདོག་དྲག་པ་དང་། ཉོག་པའི་ཚོན་མདོག་ཞན་པ་ཡིན། ༤ མཐོང་ཚགས་དང་ཉེ་བའི་ཚོན་མདོག་དྲག་པ་དང་། མཐོང་ཚགས་དང་རིང་བའི་ཚོན་མདོག་ཞན་པ་ཡིན། ༥ ཚོན་གྱི་དབར་བར་གསེང་ཡོད་པའམ་མཉམ་འགྲིག་བྱས་ན་ཚོན་མདོག་དྲག་པ་དང་། འདྲེས་སྦྱོར་བྱས་པའི་ཚོན་མདོག་ཞན་པ་ཡིན།

language:
Tibetan