Skip to main content Skip to search
tshon mdog gi snang cha
ID:
T241167
  • ཚོན་མདོག་གི་སྣང་ཆ (Tibetan, Tibetan script, Original)
    • > tshon mdog gi snang cha (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsön dok gi nangcha (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཚོན་མདོག་དེ་རླུང་རིམ་གྱི་ཁམས་སུ་བརྒྱུད་སྐབས། བར་ཐག་རིང་ཐུང་དང་། མཁའ་རླུང་སྲབ་མཐུག བཞའ་ཚན་ཆེ་ཆུང་སོགས་ཀྱི་རྐྱེན་ལས་བྱུང་བའི་ཚོན་མདོག་གི་འགྱུར་བ་ལ་ཚོན་མདོག་གི་སྣང་ཆ་ཞེས་ཟེར། མིང་གཞན་ལ་མཁའ་རླུང་གི་སྣང་ཆའང་འབོད། དཔེར་ན། གཞུང་ལམ་གྱི་ངོས་འགྲམ་གཉིས་སུ་རིང་ཐུང་མཉམ་པའི་སྐྱེ་ཤིང་རྣམས་མི་རྣམས་ཀྱི་སྣང་ངོར་ཐག་ཉེ་སའི་སྐྱེ་ཤིང་རྣམས་ཀྱི་ལོ་མ་ལྗང་སེར་དང་། རིམ་བཞིན་ཐག་རིང་དུ་སོང་བ་ན་སྤང་སྐྱ་མདོག་ཏུ་མངོན། སླར་ཡང་། དེ་ལས་རིང་དུ་སོང་བ་ན་སྔོ་སྐྱའམ། སྐྱ་མདོག་ཏུ་མངོན་དེར་བརྟེན་ཉེ་སར་ཚོན་མདོག་གི་བསྡུར་ཚད་ཤུགས་ཆེ་བ་དང་། རིང་སར་ཚོན་མདོག་གི་བསྡུར་ཚད་ཤུགས་ཆུང་དུ་སོང་སྟེ་སྐྱ་མདོག་ཏུ་གྱུར་གྱི་ཡོད། སྐྱ་མདོག་དེ་རིགས་རྒྱུན་དུ་སྔོ་སངས་དང་། སྔོན་པོ། མཆིན་ཁ་སོགས་ཀྱི་ཚོན་མདངས་ཐོན་གྱི་ཡོད་པའོ། །

language:
Tibetan