Skip to main content Skip to search
tshon mdog 'char 'god
ID:
T241168
  • ཚོན་མདོག་འཆར་འགོད (Tibetan, Tibetan script, Original)
    • > tshon mdog 'char 'god (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsön dok char gö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རི་མོའི་རྩ་འཛིན་དྲུག་གི་ནང་དུ་འཁོད་པའི་དངོས་པོའི་ཁ་དོག་ཇི་བཞིན་ཚོན་གཏོང་བ་ཞེས་པར་ཟེར། དེ་ཡང་རི་མོ་མཁས་པ་ཚོས་ཚོན་ལ་བརྟེན་ནས་རང་གི་བསམ་པའི་བརྩེ་དུང་མཚོན་པ་བྱེད་ཀྱི་ཡོད་པས། ཚོན་ནི་རི་མོ་འབྲི་བར་མེད་དུ་མི་རུང་བའི་ཆ་རྐྱེན་གལ་ཆེན་ཡིན་པ་མཚོན་ཡོད། རྒྱ་སྲོལ་རི་མོའི་རྒྱུན་སྤྱོད་ཀྱི་ཚོན་ཏེ་སྣག་ཚ་དང་། སྦ་མདོག་སེར་པོ། བ་བླ། ས་མདོག་གི་ཚོས། ཕྱི་རྒྱལ་གྱི་རྒྱ་ཚོས། མཚལ། མཚལ་སྐྱ། ཇ་དམར་རམ་ཇ་ཁ། རྡོ་ཚོན་མཐིང་། མཐིང་ཆེན། མཐིང་། སྔོ་སངས་དང་རྡོ་ཚོན་སྤང་མ། སྤང་ཆེན། སྤང་སྐྱ་དཀར་རག་སོགས་ཡོད། རྩ་བའི་ཁ་དོག་ནི་དམར་པོ་དང་སེར་པོ། སྔོན་པོ་གསུམ་ཡིན་ནོ། །

language:
Tibetan