Skip to main content Skip to search
mtshams pa dpa' chung
ID:
T241266
  • མཚམས་པ་དཔའ་ཆུང (Tibetan, Tibetan script, Original)
    • > mtshams pa dpa' chung (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsampa pa chung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དགེ་སློང་དཔའ་ཆུང་ངམ་གྲུབ་དབང་ཀུན་མཆོག་འཕྲིན་ལས་བཟང་པོ་ནི་འབྲི་གུང་སྦྲ་ག་ཞེས་པའི་འབྲོག་སྡེར་ཡབ་བཅོ་ལྔ་དང་ཡུམ་སྒྲོལ་མ་ལྷ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་བྱི(༡༩༠༠)ལོར་སྐུ་བལྟམས། དགུང་ལོ་བཅུ་བདུན་བར་ཁྱིམ་དུ་ཕྱུགས་རྫི་མཛད་སྐབས་རྒྱུན་དུ་ཞལ་འདོན་དགེ་སྦྱོར་ལ་བརྩོན་པར་མཛད། དེ་ནས་འབྲི་གུང་མཐིལ་དུ་ཆོས་བཞུགས་བཛད་དེ་སྒྲུབ་གྲྭའི་ཁྲི་དཔོན་གྲུབ་དབང་ཚེ་བརྟན་རིན་པོ་ཆེའི་དྲུང་ནས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་གདམས་པ་སོགས་གསན་ཏེ་ཉམས་བཞེས་ལ་འབད། དགུང་ལོ་ཉི་ཤུ་རྩ་དགུའི་སྐབས་བསྙེན་པར་རྫོགས། དེ་ནས་ཞོ་སྨད་དབེན་པའི་རིའི་བཤད་གྲྭར་ཕེབས་ཏེ་དཀའ་སྤྱད་ཀྱིས་གསན་བསམ་མཛད་དེ་གཞུང་དོན་ཐུགས་སུ་ཆུད་པ་བྱུང་། མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་གཞུང་ལུགས་ལ་ཐོས་བསམ་ཉམས་ལེན་བརྩོན་པ་ལྷུར་ལེན་གནང་བས་མཁས་བཙུན་བཟང་གསུམ་གྱི་སྙན་གྲགས་རྒྱས། འབྲི་གུང་མཐིལ་གྱི་གྲུབ་གྲྭའི་སློབ་དཔོན་གྱི་ཁྲིར་ཕེབས། དགུང་ལོ་རེ་གཅིག་རབ་བྱུང་བཅུ་དྲུག་པའི་ལྕགས་བྱི(༡༩༦༠)ལོ་ནས་བཟུང་བར་སྐབས་ཤིག་རིང་སེ་ར་དགོན་དང་། འབྲི་གུང་སོགས་སུ་ལུད་འདོན་པ་དང་ཕྱུགས་རྫི་སོགས་གནང་ནས་བཞུགས། ལྕགས་བྱ(༡༩༨༡)ལོར་འབྲི་གུང་མཐིལ་དགོན་པ་ཉམས་གསོ་བྱས་རྗེས་དགོན་པར་བཞུགས་ཏེ་གྲྭ་གསར་པ་རྣམས་ལ་དགེ་ཚུལ་སློང་གི་སྡོམ་པ་སོགས་གནང་། འཚོ་བའི་ཐད་འདོད་ཆུང་ཆོག་ཤེས་ཁོ་ནར་མཛད་དེ་དད་འབུལ་ཞུས་པའི་དངུལ་དངོས་རྣམས་དགོན་པའི་ཚོགས་ཡོངས་སུ་སྨིན་གཏོང་དང་འབྲི་གུང་གི་བཤད་སྒྲུབ་འཆད་ཉན་སླར་གསོ་མཛད།

language:
Tibetan

2. Thupten Phuntsok Dictionary

དགེ་སློང་དཔའ་ཆུང་ངམ་གྲུབ་དབང་དཀོན་མཆོག་འཕྲིན་ལས་བཟང་པོ་ནི་འབྲི་གུང་སྦྲ་ག་ཞེས་པའི་འབྲོག་སྡེར་ཡབ་བཅོ་ལྔ་དང་ཡུམ་སྒྲོལ་མ་ལྷ་གཉིས་ཀྱིས་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་བྱི་སྤྱི་ལོ (༡༩༠༠) ལོར་སྐུ་བལྟམས། དགུང་ལོ་བཅུ་བདུན་བར་ཁྱིམ་དུ་ཕྱུགས་རྫི་མཛད་སྐབས་རྒྱུན་དུ་ཞལ་འདོན་དགེ་སྦྱོར་ལ་བརྩོན་པར་མཛད། དེ་ནས་འབྲི་གུང་མཐིལ་དུ་ཆོས་བཞུགས་མཛད་དེ་སྒྲུབ་གྲྭའི་ཁྲི་དཔོན་གྲུབ་དབང་ཚེ་བརྟན་རིན་པོ་ཆེའི་དྲུང་ནས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་གདམས་པ་སོགས་གསན་ཏེ་ཉམས་བཞེས་ལ་འབད། ལྕགས་བྱ་སྤྱི་ལོ (༡༩༨༡) ལོར་འབྲི་གུང་མཐིལ་དགོན་པ་ཉམས་གསོ་བྱས་རྗེས་དགོན་པར་བཞུགས་ཏེ་གྲྭ་གསར་པ་རྣམས་ལ་དགེ་ཚུལ་སློང་གི་སྡོམ་པ་སོགས་གནང་། འཚོ་བའི་ཐད་འདོད་ཆུང་ཆོག་ཤེས་ཁོ་ནར་མཛད་དེ་དད་འབུལ་ཞུས་པའི་དངུལ་དངོས་རྣམས་དགོན་པའི་ཚོགས་ཡོངས་སུ་སྤྱིན་གཏོང་དང་འབྲི་གུང་གི་བཤད་སྒྲུབ་འཆད་ཉན་སླར་གསོ་མཛད།

language:
Tibetan