Skip to main content Skip to search
mtshams pa blo bzang dkon mchog
ID:
T241267
  • མཚམས་པ་བློ་བཟང་དཀོན་མཆོག (Tibetan, Tibetan script, Original)
    • > mtshams pa blo bzang dkon mchog (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsampa lo zang könchok (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ཉིད་མཛོད་དགེ་སྦོ་ཚང་བུམ་པའི་མགོན་པོ་ཟེར་བའི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་ཁྱི(༡༧༤༢)ལོར་སྐུ་འཁྲུངས། སྔགས་རྒྱུད་ཡིན་པས་ཆུང་དུས་ནས་ཕ་ཆོས་དང་སྨན་ལ་སྦྱངས། ཡབ་ཡུམ་གྱིས་ཁྱིམ་ཐབ་ལེན་རྩིས་བྱས་པར་མ་གསན་པར་རབ་ཏུ་བྱུང་། དཔོན་སློབ་སྙན་གྲགས་པ་ལས་བརྩི་བཞག་གསན། དགེ་བའི་བཤེས་གཉེན་རབ་བརྟན་རྒྱ་མཚོ་དགེ་རྒན་དུ་བསྟེན་ཏེ་བཀའ་པོད་ཡོངས་རྫོགས་ལ་སྦྱངས་། མདོ་སྔགས་རིག་གནས་ཐམས་བཅད་ལ་མཁས། ཚ་གན་པེ་ཤིང་དང་ཁྱད་པར་དུ་བཀྲ་ཤིས་འཁྱིལ་གྱི་བཞུགས་སའི་མཐིལ་མཛད་དེ་སྐུ་མཚམས་ཁོ་ནས་དགེ་སྦྱོར་སྐུ་ཚེ་དང་སྙོམས། ཆོས་རྒྱུན་མང་དུ་སྤེལ་བས་དབལ་མང་པཎྜི་ཏ་ཞལ་སྔ་ནས་སོགས་སློབ་མའི་ཚོགས་མང་དུ་འདུས། དགུང་ལོ་བརྒྱད་ཅུ་ལྷག་བཞུགས་ཏེ་རབ་བྱུང་བཅུ་བཞི་པའི་སྟོད་ཙམ་དུ་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ཉིད་མཛོད་དགེ་སྦོ་ཚང་བུམ་པའི་མགོན་པོ་ཟེར་བའི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་ཁྱི་སྤྱི་ལོ (༡༧༤༢) ལོར་སྐུ་འཁྲུངས། སྔགས་རྒྱུད་ཡིན་པས་ཆུང་དུས་ནས་ཕ་ཆོས་དང་སྨན་ལ་སྦྱངས། ཡབ་ཡུམ་གྱིས་ཁྱིམ་ཐབ་ལེན་རྩིས་བྱས་པར་མ་གསན་པར་རབ་ཏུ་བྱུང་། དཔོན་སློབ་སྙན་གྲགས་པ་ལས་བརྩི་བཞག་གསན། དགེ་བའི་བཤེས་གཉེན་རབ་བརྟན་རྒྱ་མཚོ་དགེ་རྒན་དུ་བསྟེན་ཏེ་བཀའ་པོད་ཡོངས་རྫོགས་ལ་སྦྱངས། མདོ་སྔགས་རིག་གནས་ཐམས་ཅད་ལ་མཁས། ཚ་གན་པེ་ཤིང་དང་ཁྱད་པར་དུ་བཀྲ་ཤིས་འཁྱིལ་གྱི་བཞུགས་སའི་མཐིལ་མཛད་དེ་སྐུ་མཚམས་ཁོ་ནས་དགེ་སྦྱོར་སྐུ་ཚེ་དང་སྙོམས། ཆོས་རྒྱུན་མང་དུ་སྤེལ་བས་དབལ་མང་པཎྜི་ཏ་སྔ་ནས་སོགས་སློབ་མའི་ཚོགས་མང་དུ་འདུས། དགུང་ལོ་བརྒྱད་ཅུ་ལྷག་བཞུགས་ཏེ་རབ་བྱུང་བཅུ་བཞི་པའི་སྟོད་ཙམ་དུ་སྐུ་གཤེགས།

language:
Tibetan