Skip to main content Skip to search
mtshungs med dkon mchog dpal ldan
ID:
T241287
  • མཚུངས་མེད་དཀོན་མཆོག་དཔལ་ལྡན (Tibetan, Tibetan script, Original)
    • > mtshungs med dkon mchog dpal ldan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsungmé könchok palden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་ས་བཅུ་གཉིས་པ་ཡིན། རབ་བྱུང་དགུ་པའི་མེ་ཁྱི་སྤྱི་ལོ་ (༡༥༢༦) ལོར་ས་སྐྱར་འཁྲུངས། འབྲས་ཡུལ་སྐྱེད་ཚལ་དུ་ཀུན་མཁྱེན་ཤེས་རབ་འོད་ཟེར་གྱི་དྲུང་ལོ་བརྒྱད་རིང་མཚན་ཉིད་གསན་སྦྱོང་མཐར་ཕྱིན་པ་མཛད། དགུང་ལོ་ཉེར་དགུ་པར་རྗེ་དཀོན་མཆོག་ལྷུན་གྲུབ་ལས་བསྙེན་པར་རྫོགས། མཁན་པོ་དེ་ཉིད་ལས་གསང་སྔགས་ཀྱི་ཆོས་སྐོར་རྒྱ་ཆེར་གསན། ཨེ་ཝཾ་གཟིམས་ཕྲུག་སྒང་དུ་བཞུགས་ནས་འཆད་ཉན་མཛད། དགུང་ལོ་ཞེ་བཞི་པ་རབ་བྱུང་བཅུ་པའི་ས་སྦྲུལ་སྤྱི་ལོ་ (༡༥༦༩) ལོའི་ཟླ་བ་ལྔ་པའི་ཚེས་གསུམ་ནས་གདན་ས་ཐེངས་དང་པོ་ལ་ཧྲིལ་པོ་བཅུ་མཛད། དེ་ནས་ལོ་གསུམ་ཐར་རྩེ་པཎ་ཆེན་གྱིས་གདན་ས་མཛད། ཆུ་རྟ་སྤྱི་ལོ་ (༡༥༨༢) ལོའི་སྟོན་ནས་ཡང་བསྐྱར་གདན་ས་ཐེངས་གཉིས་པ་ལོ་བརྒྱད་མཛད་དེ་སྔ་ཕྱིར་གདན་ས་ལོ་བཅོ་བརྒྱད་མཛད། ལམ་འབྲས་སོགས་ཆོས་འཁོར་རྒྱ་ཆེར་བསྐོར། རབ་བྱུང་བཅུ་པའི་ལྕགས་སྟག་ལོ་སྤྱི་ལོ (༡༥༩༠) དགུང་ལོ་རེ་ལྔ་པར་སྐུ་གཤེགས་པ་ཡིན་ནོ། །

language:
Tibetan